- ཨོ་སི་ཊོ་ལི་ཡའི་སྔོན་འགོག་སྨན་ཁབ་ཀྱི་ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་"འགོག་ཁབ་ཆ་ཚང་བརྒྱབ་ཚར་བ་"ཞེས་པའི་གོ་དོན་ཚིག་བསྐྱར་བཅོས་བྱས།
- ཨོ་སི་ཊོ་ལི་ཡའི་ནང་ལོ་ན་ ༡༦ ལས་བརྒལ་བ་རྣམས་ལ་འགོག་ཁབ་གསུམ་པའམ་བྷུ་སི་ཊར་(ཤུགས་སྣོན་སྨན་ཁབ་)དེ་རྒྱག་ཆོག་གི་ཡོད་པའི་གནས་ཚུལ་ཁ་སྣོན་དང་། དེ་དང་ཆབས་ཅིག་ལོ་ན་ ༡༦ ལས་ཆུང་བ་རྣམས་ལ་འགོག་ཁབ་གསུམ་པ་དེ་བཞིན་རྒྱག་རྒྱུ་ཡིན་མིན་ཐད་བསམ་ཞིབ་བྱེད་ཀྱི་ཡོད་འདུག
- འགོག་ཆབ་ཆ་ཚང་བརྒྱབ་ཚར་བ་ཞེས་པའི་བསྐྱར་བཅོས་གོ་དོན་གསར་པ་དེ་བཞིན་ཨོ་སི་ཊོ་ལི་ཡའི་རྒྱལ་ནང་སྲིད་བྱུས་ཤིག་ལས་རྒྱལ་སྤྱི་དང་ས་མཚམས་སྒོ་ཕྱེ་བཞིན་པའི་འཆར་གཞི་དང་ད་ལྟའི་ཆར་འབྲེལ་བ་མེད་པ་རེད་འདུག
- ཁྱད་མཁས་སློབ་སྟོན་ཚོགས་ཆུང་གིས་བསྐྱར་བཅོས་དེ་བཞིན་ཕྱི་ཟླ་ ༣ པའི་ཟླ་མཇུག་ནས་ལག་བསྟར་བྱ་རྒྱུ་ཡིན་འདུག
- རྒྱལ་སྤྱིའི་ས་མཚམས་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་སྒོ་ཕྱེ་རྒྱུ་དང་རྒྱལ་ཁབ་གཞན་ནས་ཡོང་མཁན་རྣམས་ལ་འགོག་ཁབ་ཐེངས་གཉིས་བརྒྱབ་ཚར་ཡོད་ཚེ་ཨོ་སི་ཊོ་ལི་ཡར་ཡོང་ཆོག་གི་ཡོད་འདུག
- ཕི་ཌི་རལ་གཞུང་གི་འཕྲོད་བསྟེན་བློན་ཆེན་གྷི་རི་ཧང་ཀྲི་ Greg Hunt མཆོག་གིས་རྒན་གསོ་ཁང་ཁག་གི་ལས་ཀ་བྱེད་མཁན་རྣམས་འགན་འཁུར་ཡོད་པའི་ཐོག་ནས་འགོག་ཁབ་གསུམ་པ་བྷུ་སི་ཊར་ངེས་པར་དུ་རྒྱག་དགོས་ཀྱི་ཡོད་སྐོར་གསུངས་འདུག
- རེས་གཟའ་པ་སངས་ཉིན་ནིའུ་སའོ་ཐི་ཝལ་དང་། ཝི་ཊོ་རི་ཡ། ཁུན་སི་ལན་ཌི། ལྷོ་ཕྱོགས་མངའ་སྡེ་བཅས་ལ་ཏོག་དབྱིབས་ནད་པ་ ༤༨ འདས་གྲོངས་སུ་ཕྱིན་ཡོད་འདུག
- ནིའུ་སའོ་ཐི་ཝལ་མངའ་སྡེའི་བསྐྱར་དུ་སྒོ་ཕྱེ་བ་དང་། ཉེ་བའི་ཆར་རྒན་གསོ་ཁང་དང་འཕྲོད་བསྟེན་སྡེ་ཁག་ལ་གདོང་ལེན་ཐད་ཞིབ་འཇུག་བྱེད་མུས་ཡིན་འདུག
- ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེས་ཟ་ཁང་དང་། སྤྲོ་སྐྱིད་ཁང་། སྤྱི་དམངས་འདུ་འཛོམས་སོགས་ལ་ཚད་བཀག་ཡོད་པའི་ཐོག་ནས་བཀག་བསྡོམས་ཁག་ལྷོད་དུ་གཏང་རྒྱུ་ཡིན་འདུག
ཏོག་དབྱིབས་ནད་པའི་གྲངས་ཐོ།
- ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༡༧༡༦ སྨན་ཁང་ནང་ལྷག་ཡོད་པ་དང་དེའི་ནང་ནད་པ་ ༡༠༨ ཛ་དྲག་ཆགས་ཡོད་འདུག དེ་རིང་ནད་པ་ ༡༩ འདས་གྲོངས་དང་ནད་པ་གསར་པ་ ༨༩༥༠ ཐོན་ནས་ཁ་སང་རེས་གཟའ་ཕུར་བུའི་ནད་པ་གསར་པ་གྲངས་ ༡༠༡༣༠ ནས་མ་ཟག་ཡོད་པ་རེད།
- ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་ ༥༥༣ སྨན་ཁང་ནང་བསྡད་ཡོད་ཅིང་། དེའི་ནང་ནད་པ་ ༨༢ དམིགས་བསལ་ཛ་དྲག་ལྟ་རྟོགས་བྱེད་དགོས་ཀྱི་ཡོད་པ་དང་། དེ་རིང་ནད་པ་གསར་པ་ ༨༥༢༡ དང་ནད་པ་ ༡༣ འདས་གྲོངས་སུ་ཕྱིན་ཡོད་འདུག
- ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༥༩༧༧ དང་ནད་པ་ ༡༤ འདས་གྲོངས་སུ་ཕྱིན་ཡོད་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༥༨༤ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༤༥ ཛ་དྲག་ལྟ་རྟོགས་འོག་ཡོད་འདུག
- ཏཱ་སི་མ་ནིང་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༥༥༢ དང་། ནད་པ་ ༡༦ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༡ ད་དྲག་ཆགས་ཡོད་འདུག
- ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་ནང་ཏོག་དབྱིབས་ནད་པ་ ༢ འདས་གྲོངས་དང་། དེ་རིང་སླར་ཡང་ཏོག་དབྱིབས་ནད་པ་གསར་པ་ ༡༤༤༥ ཐོན་འདུག ད་ལྟའི་ཆར་ཏོག་དབྱིབས་ནད་པ་ ༢༡༠ སྨན་ཁང་ནང་ཡོད་ཅིང་དེའི་ནང་ནད་པ་ ༡༦ ཛ་དྲག་ལྟ་རྟོགས་འོག་གནས་ཡོད་འདུག
ཨོ་སི་ཊོ་ལི་ཡའི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་དྲ་ཐོག་ནས་ཐོ་འགོད་བྱེད་ས་བཟོས་ཡོད།
- ཊི་རོ་རི་ཡ།
- ནིའུ་སའོ་ཐིཝ་ལལ་མངའ་སྡེ།
- ཁུན་སི་ལན་ཌི།
- ལྷོ་ཕྱོགས་མངའ་སྡེ།
- ཏཱ་སི་མ་ནིང་ཡ།
- བྱང་ཕྱོགས་ས་ཁུལ།
མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག
ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
འགྲིམ་འགྲུལ།
དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས།
དཔལ་འབྱོར་རོགས་རམ།
མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས།
- གསར་འགྱུར་དང་གནས་ཚུལ་ཁག་སྐད་ཡིག་ ༦༠ ནང་གཟིགས་རྒྱུ་ཡོད།
- མངའ་སྡེ་དང་ས་ཁུལ་ཁག་གི་ནང་འབྲེལ་ཡོད་གནས་ཚུལ་ཁག་ཅིག , , , , , , .
- བོད་ཡིག་ནང་ཏོག་དབྱིབས་ནད་ཡམས་སྐོར་གྱི་གནས་ཚུལ་འདིར་གཟིགས། .