ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་ནང་མི་གྲངས་ ༨༠ འདས་གྲོངས་སུ་ཕྱིན་རྗེས་དམ་བསྒྲགས་བསྐྱར་དུ་སྒོ་ཕྱེ་རྒྱུ་དེ་ཕྱི་ཟླ་ ༢ པ་ནས་ཕར་འགྱང་བྱས།

འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༡ ཚེས་ ༢༡ ཉིན་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ནད་ཡམས་སྐོར་གནས་ཚུལ་གསར་སྣོན་བྱས་པ་ཞིག་ཡིན།

WA Premier Mark McGowan speaks during an announcement in Perth, Monday, December 13, 2021.

WA Premier Mark McGowan speaks during an announcement in Perth, Monday, December 13, 2021. Source: AAP

  • ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེའི་བློན་ཆེན་མཱ་ཁི་Mark McGowan གྱིས་ཨོ་མེ་ཁོ་རོན་ན་ཚ་ཛ་དྲག་ཡིན་སྐོར་བརྗོད་ནས་མངའ་སྡེའི་ས་མཚམས་ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་སྒོ་ཕྱེ་རྒྱུ་དེ་ཕར་འགྱང་གྱིས་བྱས་ཡོད་འདུག
  • སྲིད་བློན་མཱ་ཁི་ལགས་ཀྱིས་འགོག་ཁབ་གཉིས་ཀྱིས་ཨོ་མེ་ཁོ་རོན་གྱི་ན་ཚ་སྲུང་སྐྱོབ་ཚད་གཞི་ངེས་ཅན་ཞིག་མ་གཏོགས་བྱེད་ཐུབ་ཀྱི་མེད་སྟབས་ནུས་སྤར་འགོག་ཁབ་བརྒྱབ་པའི་ཚད་གཞི་ངེས་ཅན་སླེབས་པར་དུས་ཚོད་ངེས་དེ་ལས་མང་བ་དགོས་ཀྱི་ཡོད་སྐོར་གསུངས་འདུག
  • ཨོ་སི་ཊོ་ལི་ཡའི་སྨན་རྫས་མཐུན་ཚོགས་ཀྱི་འགན་འཛིན་ཌོ་ཊར་ཨོ་མར་ Dr Omar Khorshid ལགས་ཀྱིས་མངའ་སྡེ་ཁག་གིས་ས་མཚམས་བཀག་བསྡོམས་ནན་མོ་བྱེད་དགོས་སྐོར་ནན་བརྗོད་གནང་འདུག
  • དེ་རིང་རེས་གཟའ་པ་སངས་ཉིན་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་མི་གྲངས་ ༤༦ འདས་གྲོངས་སུ་ཕྱིན་འདུག་པ་དང་། གྲངས་ཚད་དེ་ནི་ཏོག་དབྱིབས་ནད་ཡམས་ཁྱབ་པ་ནས་བཟུང་གྲངས་འབོར་མཐོ་ཤོས་དེ་ཆགས་ཡོད་པ་རེད། དེ་དང་ཆབས་ཅིག་ཝི་ཊོ་རི་ཡའི་ནང་མི་གྲངས་ ༢༠ འདས་གྲོངས་དང་ཁུན་སི་ལན་ཌིའི་ནང་མི་གྲངས་་ ༡༣ ཏཱ་སི་མ་ནིང་ཡའི་ནང་མི་ ༡ བཅས་འདས་གྲོངས་སུ་ཕྱིན་ཡོད་འདུག
  • ནིའུ་སའོ་ཐི་ཝལ་མངའ་སྡེ་དང་ཝི་ཊོ་རི་ཡ་གཉིས་ཀའི་ནང་འདས་པའི་དུས་ཡུན་ཆུ་ཚོད་ ༢༤ ནང་སྨན་ཁང་ནང་ལྷག་པའི་ཏོག་དབྱིབས་ནད་པའི་གྲངས་འབོར་མར་ཆགས་ཡོད་པ་དང་། དེ་ཡང་ཝི་ཊོ་རི་ཡའི་ནང་ནད་པའི་གྲངས་འབོར་ ༡༢༠༦ ནས་ ༡༠༩༦ ལ་མར་ཆགས་ཡོད་པ་དང་། ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ནད་པའི་གྲངས་འབོར་ ༢༧༨༡ ནས་ ༢༧༤༣ ལ་མར་ཆགས་ཏེ་བརྒྱ་ཆ་གཅིག་ལས་མང་བ་མར་ཆགས་ཡོད་པ་རེད། 
  • ནིའུ་སའོ་ཐིཝ་ཝལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་ཁེ་རི་ཆང་ཊི་ལགས་ཀྱིས་བརྡ་སྟོན་སྣ་ཚོགས་བརྒྱུད་ནས་ལྟར་ན་སྤྱི་ཚོགས་ནང་ཏོག་དབྱིབས་ན་ཚ་འགོས་ཁྱབ་དེ་ཇེ་དལ་དུ་འགྲོ་བཞིན་ཡོད་སྐོར་བརྗོད་འདུག
  • ཁུན་སི་ལན་ཌིའི་མངའ་སྡེ་བློན་ཆེན་ཨ་ནཱ་སི་ཊ་ཤཱ་ Annastacia Palaszczuk ལགས་ཀྱིས་རེས་གཟའ་ཟླ་བ་ནས་བཟུང་ཏོག་དབྱིབས་འགོག་ཁབ་གཉིས་པ་བརྒྱབ་ནས་ཟླ་བ་གསུམ་འགྲོ་ཚར་རྗེས་ཤུགས་སྣོན་འགོག་ཁབ་བྷུ་སི་ཊར་དེ་རྒྱག་ཆོག་གི་ཡོད་སྐོར་གསལ་བསྒྲགས་བྱས་འདུག
  • ཨོ་སི་ཊོ་ལི་ཡའི་ཉེན་རྟོག་ནས་ཏོག་དབྱིབས་སྟབས་བདེ་བརྟག་ཆས་ Rapid Antigen Tests ཡི་གོང་ཚད་ཐད་ཏོག་ཞིབ་འགོ་འཛུགས་བྱས་ཡོད་འདུག
ཨོ་སི་ཊོ་ལི་ཡའི་མངའ་སྡེ་མང་པོ་ཞིག་གིས་ཏོག་དབྱིབས་ན་ཚ་འགོས་ཡོད་ཚེ་དྲ་ཐོག་ནས་ཐོ་འགོད་བྱེད་ས་བཟོས་ཡོད།  

  • ཊི་རོ་རི་ཡ། 
  • ནིའུ་སའོ་ཐིཝ་ལལ་མངའ་སྡེ། 
  • ཁུན་སི་ལན་ཌི། 
  • ལྷོ་ཕྱོགས་མངའ་སྡེ། 
  • ཏཱ་སི་མ་ནིང་ཡ།
  • བྱང་ཕྱོགས་ས་ཁུལ། 
ཏོག་དབྱིབས་ན་ཚའི་གནས་སྟངས།

ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་དེ་རིང་ཏོག་དབྱིབས་ནད་པ་གསར་པ་ ༢༥༡༦༨ ཐོན་པ་དང་མི་གྲངས་ ༤༦ འདས་གྲོངས་སུ་ཕྱིན་འདུག དེ་དང་ཆབས་ཅིག་ཝི་ཊོ་རི་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༨༡༦༧ དང་མི་གྲངས་ ༢༠ འདས་གྲོངས་སུ་ཕྱིན་ཡོད་འདུག 

ཁུན་སི་ལན་ཌིའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༡༦༠༣༡ ཐོན་ནས་ད་བར་གྲངས་ཚད་མཐོ་ཤོས་དེ་ཆགས་ཡོད་པ་དང་མི་གྲངས་ ༡༣ འདས་གྲོངས་སུ་ཕྱིན་ཡོད་འདུག དེ་དང་ཆབས་ཅིག་ཏཱ་སི་མ་ནིང་ཡའི་ནང་ཏོག་དབྱིབས་ནད་པ་གསར་པ་ ༨༦༥ ཐོན་ནས་ད་བར་མངའ་སྡེའི་ནང་ཉིན་གཅིག་རིང་གི་གྲངས་ཚད་མཐོ་ཤོས་དེ་ཆགས་ཡོད་པ་དང་མི་ ༡ འདས་གྲོངས་སུ་ཕྱིན་འདུག

ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་སྐོར་གྱི་ཞིབ་ཕྲ་གནས་ཚུལ་ཁྱེད་རང་གི་སྐད་ཡིག་ནང་དྲ་ཐོག་ . འདི་ནས་གཟིགས་རོགས།


མངའ་སྡེ་ནས་མངའ་སྡེ་དབར་བཀག་བསྡོམས་དང་ཟུར་བཀག 

ཁྱེད་རང་སྡོད་སའི་མངའ་སྡེ་དང་ས་ཁུལ་དེའི་ནང་བྱེད་ཆོག་པ་དང་མི་ཆོག་པ་ག་རེ་ཡོད་མེད་གཤམ་གྱི་དྲ་ཐག་འདི་ནས་གཟིགས། 

འགྲིམ་འགྲུལ།

 དང་ཏོག་དབྱིབས་ནད་ཡམས་དེ་བཞིན་འགྲིམ་འགྲུལ་བཅས་ཀྱི་སྐོར་སྐད་ཡིག་ཁག་གི་ནང་གཤམ་གྱི་དྲ་ཐག་འདི་ནས་གཟིགས།

དཔལ་འབྱོར་རོགས་རམ།

མངའ་སྡེ་ཁག་གི་ནང་ཏོག་དབྱིབས་འགོག་ཁབ་བརྒྱབ་པའི་བརྒྱ་ཆ་ ༧༠ དང་ ༨༠ ལ་ཟིན་དུས་གོད་ཆགས་རོགས་དངུལ་འགྱུར་བ་བཏང་ཡོད། ཏོག་དབྱིབས་ནད་ཡམས་སྐབས་སུ་རོགས་རམ་སྐོར་ཞིབ་ཕྲ་དྲ་ཐག་འདི་ནས་གཟིགས། 


ནིའུ་སའོ་ཐི་ཝལ་མངའ་སྡེའི་རིག་གཞུང་སྣ་ཚོགས་ཀྱི་འཕྲོད་བསྟེན་འབྲེལ་མཐུད་ཞབས་ཞུས་ཡིག་སྒྱུར་འགྲེམས་སྤེལ་བྱས་པའི་གནས་ཚུལ་ཁག


མངའ་སྡེ་དང་ས་ཁུལ་སོ་སོའི་ནང་ཏོག་དབྱིབས་ན་ཚ་བརྟག་དཔྱད་བྱེད་ས་ཁག

ནིའུ་སའོ་ཐིཝ་ལ།  
ཝི་ཊོ་རི་ཡ།  
ཁུན་སི་ལན་ཌི།  
ལྷོ་ཕྱོགས་མངའ་སྡེ།  
རྒྱལ་ས་མངའ་ཁུལ།  
ནུབ་ཕྱོགས་མངའ་སྡེ།  
ཏཱ་སི་མ་ནིང་ཡ། 
བྱང་ཕྱོགས་མངའ་ཁུལ། 


Share

Published

Updated



Share this with family and friends