ནད་རླབས་གསུམ་པ་སྐབས་སིཌ་ནིང་ནང་བོད་མི་མང་པོ་ཞིག་ཏོག་དབྱིབས་ན་ཚ་འགོས་ཡོད་པའི་གནས་ཚུལ་ཐོན།

Sydney Tibetan Community

དེ་སྔོན་ ༢༠༢༠ ལོར་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཌི་ཝི་མཚོ་འགྲམ་ནས་ཆོས་བསྐོར་སྐབས། Source: Sydney Tibetan Community

ཉེ་བའི་ཆར་ཨོ་སི་ཊོ་ལི་ཡའི་ནང་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་འགོས་ཁྱབ་ཤུགས་ཆེ་ཕྱིན་ནས་གྲོང་ཁྱེར་སིཌ་ནིང་ཡོད་སའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ནང་ཉིན་ལྟར་ནད་པ་གསར་པ་ཁྲི་ ༡ ཙམ་རེ་ཐོན་གྱི་ཡོད་པ་དང་། སིཌ་ནིང་གི་ཁུལ་དུ་བོད་པ་མང་ཤོས་གནས་སྡོད་བྱེད་ས་ཌི་ཝི་ Dee Why ལ་དེ་སྔོན་བོད་མི་མང་པོ་ཞིག་ལ་ཏོག་དབྱིབས་ན་ཚ་འགོས་ཡོད་པས་མ་ཚད། གཞན་ཡང་རི་སྔོན་པོ་ Blue Mountains དང་། ཁེམ་བྷེལ་ཊོན་ Campbelltown ས་གནས་ལའང་བོད་མི་ཁག་ཅིག་ཀྱང་ཏོག་དབྱིབས་ན་ཚ་འགོས་ཡོད་པའི་གནས་ཚུལ་ཐོན་འདུག


 ཚོགས་གཙོ་མིག་དམར་ཚེ་རིང་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་སྐབས་བོད་མི་སུ་ཞིག་ལ་དཀའ་ངལ་འཕྲད་ཚེ་སིཌ་ནིང་བོད་རིགས་མཐུན་ཚོགས་ཀྱི་ཁ་པར་ཨང་ 0426 261 805 དང་ཡང་ན་བོད་རིགས་མཐུན་ཚོགས་ཀྱི་གློག་འཕྲིན་ཁ་བྱང་: [email protected] ཐོག་འབྲེལ་བ་གནང་རོགས་ཞེས་འབོད་སྐུལ་གནང་སོང་། 


Share