Key Points
- In 2019, 77 per cent of women attended antenatal care within the first three months of pregnancy.
- Those who are less likely to get to care in the first three months include women born overseas and young women.
- Regular screening can prevent early complications such as hypertension and pregnancy diabetes.
སྦྲུ་མ་ལྟ་སྐྱོང་གི་དམིགས་ཡུལ་ནི་སྦྲུམ་མ་དང་ཁོ་མོའི་ཕྲུ་གུ་གཉིས་ཀའི་འཕྲོད་བསྟེན་བདེ་ཐང་ཡར་རྒྱས་དང་ན་ཚ་སྔོན་འགོག་ཆེད་ཡིན།
མེལ་བྷོན་དུ་རིག་གཞུང་སྣ་ཚོགས་ཅན་གྱི་མི་རིགས་ཀྱི་བུད་མེད་བདེ་ཐང་ལྟེ་གནས་ཀྱི་འགན་འཛིན་ཌོ་ཊར་ཨ་དྷེལ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས། ཕྲུ་གུ་ཆགས་སྐབས་འཕྲོད་བསྟེན་མི་སྣར་སྔ་མོ་ནས་བསྟེན་གཏུགས་བྱེད་མཁན་གྱི་ཨ་མ་དང་ཕྲུ་གུ་གཉིས་ཀའི་བདེ་ཐང་ལ་ཕན་འབྲས་མང་བ་མངོན་གྱི་ཡོད་སྐོར་བརྗོད་འདུག
ཌོ་ཊར་ཨ་དྷེལ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས་ཕྲུ་གུ་ཆགས་སྐབས་གང་སྔ་སྔ་ནས་སྨན་པར་བསྟེན་གཏུགས་ལ་ཐོ་འགོད་དང་། སྨན་པར་གང་མགྱོག་མགྱོག་བསྟེན་ཐུབ་པ་ཡིན་ན་གལ་སྲིད་དཀའ་ངལ་འདྲ་ཡོད་ཚེ་སྨན་པས་སྔ་མོ་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག
ཨོ་སི་ཊོ་ལི་ཡའི་འཕྲོད་བསྟེན་དང་བདེ་དོ་ལྷན་ཁང་ གི་ཡིག་ཆར་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་བུད་མེད་སྦྲུམ་མ་བརྒྱ་ཆ་ ༥༥ ཙམ་གྱིས་ཕྲུ་གུ་མངལ་ཆགས་ནས་ཐོག་མའི་བདུན་ཕྲག་ ༡༠ ནང་ཚུད་དུ་སྦྲུམ་མ་ལྟ་སྐྱོང་སྨན་བཅོས་ནང་ཞུགས་ཚར་ཡོད་སྐོར་བརྗོད་འདུག
ཌོ་ཊར་ཨ་དྷེལ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས་ཡིག་ཆ་གསར་ཤོས་ལྟར་ན་ གཞིས་སྤོས་ལ་ཡོང་མཁན་གྱི་བུད་མེད་རྣམས་བུད་མེད་གཞན་པ་ལས་རྗེས་སུ་གཞི་ནས་སྦྲུམ་མའི་ལྟ་སྐྱོང་ལས་དོན་ནང་ཞུགས་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
The Australian government recommends that women have their first antenatal care appointment within the 10-week period. But we know that even after 20 weeks, there is 20 per cent of migrant women who haven't accessed antenatal care.Dr Adele Murdolo, Executive Director at Multicultural Centre for Women’s Health, Melbourne.
ཌོ་ཊར་ཨ་དྷེལ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས་གྲངས་ཀ་འདི་དག་ནི་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་ཀྱི་གནས་ཚུལ་ཡིན་མིན། འོན་ཀྱང་ད་དུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཅུང་ཞན་པའི་ས་ཆ་ལ་གྲངས་ཚད་དེ་ལས་དམའ་བ་ཆགས་ཀྱི་ཡོད་སྐོར་དང་། ཁོ་མོས་ཨོ་སི་ཊོ་ལི་ཡའི་ནང་གཞིས་སྤོ་བའི་ཚོགས་སྡེ་འགའ་ཤས་ནས་བུད་མེད་དེ་ཚོ་ཕྲུ་གུ་མ་སྐྱེས་སྔོན་གྱི་སྦྲུམ་མའི་ལྟ་སྐྱོང་ནང་རྩ་བ་ནས་ཞུགས་ཀྱི་མེད་སྐོར་བརྗོད་འདུག

Some groups of migrant women in Australia don't get any antenatal care. Source: Getty / Getty Images/Dean Mitchell
The earlier that condition or risk of that condition is picked up, the earlier you can take preventative action yourself, or the health practitioner can put in place some really good supports for the later pregnancy and for the birth.Dr Murdolo
ཨ་མན་དྷ་ཧན་རེའེ་ Amanda Henry ལགས་ནི་ནིའུ་སའོ་ཐི་ཝལ་གཙུག་ལག་སློབ་གཉེར་ཁང་ (UNSW) གི་སྦྲུམ་མ་གསོ་བཅོས་དང་མོ་ནད་སྐོར་གྱི་སློབ་དཔོན་གཞོན་པ་དང་། ཨེ་སི་ཊི་ཇོར་ཇི་མ་དམངས་སྨན་ཁང་ St George Public Hospital དང་རོ་ཡོལ་བུད་མེད་སྨན་ཁང་ Royal Hospital for Women གི་སྐྱེ་གཡོག་དང་སྦྲུམ་མ་གསོ་བཅོས་སྨན་པ་ཞིག་ཡིན།
དགེ་རྒན་ཆེན་མོ་ཧན་རེའེ་ Prof Henry ཡིས་ཕྲུ་གུ་ཆགས་རྗེས་ཐོག་མར་སྤྱིར་བཏང་སྨན་པར་བསྟེན་གཏུགས་ཀྱིས་བཀའ་འདྲི་གོ་བསྡུར་བྱེད་དགོས་པ་དང་། དེ་ཡང་ཐོག་མའི་བསྟེན་གཏུགས་དང་ངེས་པར་དུ་ཕྲུ་གུ་ཆགས་ནས་ཐོག་མའི་བདུན་ཕྲག་ ༡༠ ནང་ཚུད་ནས་བསྟེན་གཏུགས་བྱེད་དགོས་པ་དང་བདུན་ཕྲག་ ༡༤ ནས་པར་རྩ་བ་ནས་ཕྱིས་མི་ནན་སྐོར་གསུངས་འདུག
ཁོ་མོས་ཕྲུ་གུ་ཆགས་རྗེས་འཆར་ཅན་གྱི་བྱེད་སྒོ་དཔེར་ན།
- ཨལ་ཋར་སོན་ཌི་ ultrasounds པར་ལེན་དང་།
- ཁྲག་བརྟག་དཔྱད། གཅིན་པ་བརྟག་དཔྱད།
- གཞན་ཡང་བརྟག་དཔྱད་དཔེར་ན་མངལ་སྒོའི་བརྟག་དཔྱད་ cervical screening དང་ཁྲག་ཤེད་བརྟག་དཔྱད། སེམས་ཁམས་འཕྲོད་བསྟེན་བརྟག་དཔྱད་བཅས་བྱེད་དགོས།
When a woman first finds out she's pregnant, most often she'll go to her GP to get that confirmed, and...the GP would usually do an initial assessment.Amanda Henry, Associate Professor in Obstetrics and Gynaecology at UNSW.
ཁྲག་ཤེད་བརྟག་དཔྱད་སོགས་སྔོན་འགྲོའི་དཔྱད་ཞིབ་འདི་དག་གིས་ཁོ་མོར་འཕྲོད་བསྟེན་གྱི་གནས་བབས་དང་སྦྲུམ་མར་ཤུགས་རྐྱེན་ག་རེ་ཐེབས་ཀྱི་ཡོད་མེད་སོགས་ཤེས་རྟོགས་བྱེད་ཀྱི་ཡོད། མ་ཚད་སྤྱིར་བཏང་སྨན་པས་ཐེངས་དང་པོ་བསྟེན་གཏུགས་སྐབས་ཁྲག་དང་གཅིན་པ་བརྟག་དཔྱད་བྱེད་ཀྱི་ཡོད། དེ་ནས་ཁོང་ཚོས་བུད་མེད་དེར་སྨན་བཅོས་དང་ལྟ་སྐྱོང་གང་འདྲ་དགོས་མིན་ལམ་སྟོན་གནང་གི་ཡོད།
ཨལ་ཋར་སོན་ཌི་ ultrasounds གློག་པར་བརྙན་ལེན་བརྟག་དཔྱད།
བུད་མེད་སྦྲུམ་མར་ཨལ་ཋར་སོན་ཌི་ ultrasounds བརྟག་དཔྱད་དེ་བཞིན་སྤྱི་ཡོངས་གཤམ་གསལ་ལྟར་ཡིན།
- བདུན་ཕྲག་ ༨ ནས་ ༩ བར་ལ། འདུ་འཛོམས་བརྟག་དཔྱད།
- བདུན་ཕྲག་ ༡༡ ནས་ ༡༣ བར་ལ། དུས་བཀག་བརྟག་དཔྱད།
- བདུན་ཕྲག་ ༡༨ ནས་ ༢༠ བར་ལ། ཕྲུ་གུའི་གཟུགས་ཕུང་གྲུབ་སྟངས་བརྟག་དཔྱད་བཅས་ཡིན།
- ཨལ་ཋར་སོན་ཌི་ ultrasounds བརྟག་དཔྱད་འཕར་མ་དེ་བཞིན་ཉེན་ཁ་ཆེ་བའི་སྦྲུམ་མ་དང་། དེ་བཞིན་ཕྲུ་གུ་སྐྱེས་འཚར་དང་བདེ་ཐང་སྐོར་ལ་བརྟག་དཔྱད་ཆགས་ཀྱི་ཡོད།

Regular screening can prevent early complications. Source: Getty / Getty Images/Chris Ryan