ཨོ་སི་ཊོ་ལི་ཡའི་སློབ་གྲྭ་ཁག་གི་ནང་མཚན་མའི་བདེ་ཐང་སྐོར་སློབ་ཁྲིད་ག་རེ་གནང་གི་ཡོད་མེད།

Capture.JPG

Experts say evidence shows that talking about sexual health matters often and early in a supportive environment helps young people make better choices. It also tends to delay sex initiation, and ensures they obtain the correct information. Credit: Beyene Weldegiorgis

འཁྲིག་སྤྱོད་ཤེས་བྱ་ནི་ཕ་མ་ཚོ་ལ་མཚོན་ན་ཕྲུ་གུ་ཚོར་འགྲེལ་བརྗོད་བྱ་རྒྱུ་ད་དུང་ཡང་དཀའ་ཁག་ཅན་གྱི་བརྗོད་གཞི་ཞིག་ཆགས་ཡོད། སྟབས་ལེགས་པ་ཞིག་ལ་ཨོ་སི་ཊོ་ལི་ཡའི་སློབ་གྲྭ་ཁག་གི་ནང་འཁྲིག་སྤྱོད་ཤེས་བྱ་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད་པ་དེས་ཕ་མ་ཚོ་ལ་འཚེར་སྣང་དང་འཐུས་ཤོར་ཐད་ཕན་ཐོགས་ཆེན་པོ་ཆགས་ཀྱི་ཡོད་པ་རེད།


མཚན་མའི་བདེ་ཐང་ནི་མི་ཚང་མའི་སྤྱི་ཡོངས་ཀྱི་འཚོ་བ་དང་བདེ་ཐང་གི་ཆ་ཤས་ཤིག་ཆགས་ཡོད། དེ་ནི་འཁྲིག་སྤྱོད་དང་མངལ་ཆགས་པ་བཅས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད། ཕོ་མོའི་སློབ་གསོའི་ནང་དུ་བྱིས་པ་ནས་དར་མར་འཕེལ་རྒྱས་འགྲོ་བའི་ཕྱོགས་དང་། འཕྲོད་བསྟེན། མཛའ་བརྩེ་དང་བརྩེ་དུང་བཅས་ཚུད་ཡོད་པ་དང་། ཇི་ལྟར་བྱས་ནས་དགེ་མཚན་ལྡན་ཞིང་བདེ་ཐང་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཐབས་བཅས་ཚུད་ཡོད། འཁྲིག་སྤྱོད་བདེ་ཐང་སྐོར་ཨོ་སི་ཊོ་ལི་ཡའི་ནང་སློབ་གྲྭ་ཁག་གི་ནང་སྔོན་འགྲོ་ནས་འཛིན་རིན་ ༡༢ པར་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་སློབ་ཁྲིད་རྩ་གནད་ནི་བྱིས་པའི་འཕེལ་རྒྱས་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་བཙུགས་པ་ཞིག་ཡིན་ཞིང་། དེ་ནི་མིའི་རིགས་ཀྱི་ལུས་སེམས་དང་། བརྩེ་དུང་། སེམས་ཁམས་བཅས་ཀྱི་དུས་རིམ་འགྱུར་འགྲོས་བཅས་ལ་གཞིར་བཅོལ་ཡོད། 

རེ་ནན་ཝི་སི་ཊི་ Renee West ལགས་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཤེས་རིག་ལྷན་ཁང་གི་སློབ་འབྲིང་སློབ་ཞུགས་ལམ་སྟོན་པ་ཞིག་ཡིན། ཁོ་མོས་ཨོ་སི་ཊོ་ལི་ཡའི་སློབ་ཚན་ནི་རྒྱལ་སྤྱིའི་ཚན་རིག་གི་ཚད་གཞི་ལྟར་ཇུས་འགོད་བྱས་ཡོད་པ་རེད་ཟེར། 

ཁོ་མོས་དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིར་ཆགས་སྤྱོད་རང་བཞིན་གྱི་སློབ་གསོ་གཞིར་བཅོལ་ནས་ཕྲུ་གུ་རྣམས་ལ་ལོ་ན་མ་འདྲ་བར་ཆགས་སྤྱོད་ཀྱི་འཕེལ་རིམ་མ་འདྲ་བ་ཡོད་པའི་བདེ་དཔང་གཞིར་བཞག་ནས།  སློབ་ཁང་ནང་གི་སློབ་མ་ཚང་མར་དེའི་སྐོར་སློབ་ཁྲིད་ཐོབ་པར་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
སྔོན་འགྲོ་སློབ་གྲྭའི་སློབ་མ་ཁག་ལ་ཐོག་མར་ལུས་ཀྱི་ཆ་ཤས་ངོས་བཟུང་སྟངས་ནས་སློབ་ཁྲིད་དང་། དེ་ནས་རིམ་པས་ཁོང་ཚོ་ལོ་ན་ཆེ་རུ་འགྲོ་སྐབས་མངའ་འཁོལ་བའི་བརྒྱུད་རིམ་སོགས་སློབ་ཁྲིད་བྱེད་ཀྱི་ཡོད། 

ཁོ་མོས་དམའ་རིམ་འཛིན་གྲྭ་སྐབས་ཁོང་ཚོས་གཟུགས་པོ་སྐོར་དང་། དེ་ནས་ལང་ཚོ་དར་ལ་བབས་པའི་སྐབས་སུ་གཟུགས་པོའི་འགྱུར་བ་སོགས་སློབ་ཁྲིད་བྱེད་ཀྱི་ཡོད། དེ་ནས་དམའ་རིམ་འཛིན་གྲྭའི་རྗེས་སུ་སྐྱེ་འཕེལ་བདེ་ཐང་དང་ཟླ་མཚན་འབབ་པའི་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱེད་དགོས་ཀྱི་ཡོད་པ་དང་། འབྲིང་རིམ་དང་མཐོ་རིམ་འཛིན་གྲྭ་སྐབས་སུ་ཆགས་སྤྱོད་ཀྱི་བྱ་སྤྱོད་དང་། མངལ་ཆགས་སྟངས། མངལ་ཆགས་པར་སྔོན་འགོག་བྱེད་པའི་ཐབས་ཤེས་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

སློབ་མ་རྣམས་ལོ་བཅུ་གྲངས་ལ་སླེབས་སྐབས་སེམས་ཚོར་སྔ་ལས་ཆེ་བ་འགྲོ་བཞིན་པ་དང་བསྟུན་ནས་མིའི་དབར་གྱི་འབྲེལ་བ་དང་། མོས་མཐུན། མཛའ་བརྩེ་བཅས་ལ་དམིགས་ནས་དེ་བས་རྙོག་འཛིང་ཆེ་བའི་བརྗོད་གཞི་ཁག་སློབ་ཁྲིད་བྱེད་ཀྱི་ཡོད། 

ཁོ་མོས་ད་དུང་ཁོང་ཚོས་སྒེར་གྱི་གསང་བ་དང་། གཟུགས་པོའི་བདག་དབང་། སྤྱོད་ལམ་འགོག་སྲུང་བཅས་ལ་སློབ་སྦྱོང་དང་སློབ་ཁྲིད་བྱེད་ཀྱི་ཡོད་པ་དང་། སློབ་གྲྭའི་ངོས་ནས་སློབ་མ་རྣམས་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཐོན་ཐབས་དམིགས་འབེན་བཟུང་ནས་སློབ་ཕྲུག་ཚོས་མི་ཚེའི་ནང་འབྲེལ་ལམ་དང་། ཁོང་ཚོའི་གཟུགས་པོ་དང་གཟུགས་པོའི་འགན་ནུས་སོགས་ཤེས་རྟོགས་ཐུབ་ཐབས་བྱེད་ཀྱི་ཡོད་ཅེས་གསུངས་འདུག 

ལྕམ་ཝེ་སི་ལགས་ཀྱིས་དགེ་རྒན་གྱིས་སློབ་ཚན་དེ་ཁོ་ཚོའི་སློབ་གྲྭའི་རིག་གནས་དང་ཆོས་ལུགས་ཀྱི་རྒྱབ་ལྗོངས་དང་བསྟུན་པ་དང་དུས་མཚུངས་སུ་སྤྱི་ཚོགས་ནང་རིག་གནས་སྣ་ཚོགས་དང་རིན་ཐང་གི་ལྟ་བ་བཅས་དོ་མཉམ་ཡོང་བ་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

 ནིའུ་སའོ་ཐི་ཝལ་མངའ་སྡེའི་སློབ་གྲྭ་ཁག་གིས་དུས་རྒྱུན་ཁྱིམ་ཚང་ནང་འཁྲིག་སྤྱོད་སྐོར་གླེང་སློང་བྱེད་བཞིན་མེད་པའི་བརྗོད་གཞི་ཁག་ལ་དམིགས་ནས་གླེང་སྟེགས་གོ་སྒྲིག་བྱེད་བཞིན་ཡོད། 

ཁོ་མོས་གལ་ཏེ་ངས་རྦད་དེ་དྲང་པོར་བཤད་ན། ང་ཚོའི་སློབ་ཁང་ནང་གི་ན་གཞོན་མང་ཆེ་བ་ནི་ལོ་ན་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་ཡ་མཚན་སྐྱེ་དགོས་པ་ཞིག་རེད།   ཁོ་ཚོས་ཁོ་ཚོར་བྱུང་བའི་གནས་ཚུལ་ནི་རྒྱུན་ལྡན་ཡིན་པ་དང་མི་གཞན་གྱིས་ཀྱང་ཉམས་ལེན་བྱེད་བཞིན་ཡོད་པ་ཤེས་འདོད་པ་ཙམ་རེད། ང་ཚོས་ཤེས་རྟོགས་བྱུང་བ་ནི་ཕན་ནུས་རང་བཞིན་ལྡན་པའི་སློབ་གསོས་དོན་དངོས་ཐོག་ཕོ་མོའི་སྐོར་གྱི་སློབ་གསོ་གཏོང་རྒྱུ་རྗེས་ལུས་ཐེབས་བཞིན་ཡོད་པས། ང་ཚོས་སློབ་ཁྲིད་ཇི་ཙམ་སྔ་བ་དང་སློབ་ཁྲིད་ཇི་ཙམ་བྱས་ན་དེ་ཙམ་གྱིས་ཕན་ཐོགས་ཆེ་བ་ཡོད་པ་རེད་ཅེས་གསུངས་འདུག

ཁེ་ཐི་ཛེ་མི་ཊིས་ Cathy Zemaitis ལགས་ནི་ནིའུ་སའོ་ཐི་ཝལ་ཤེས་རིག་ལྷན་ཁང་ནང་སློབ་འབྲིང་སློབ་མ་རྣམས་ཀྱི་སློབ་ཚན་འཆར་འགོད་ཀྱི་འགན་འཛིན་ཞིག་ཡིན་པ་དང་། ཁོ་མོས་ཕ་མ་ཚོས་ནང་ལ་འཁྲིག་སྤྱོད་སྐོར་གླེང་བར་བདེ་འཇགས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག

ཁོ་མོས་ཕ་མ་ཚོས་སློབ་གྲྭ་དང་མཉམ་ལས་ཀྱིས་སློབ་ཕྲུག་ཚང་མས་དགེ་རྒན་དང་ཕ་མ་སུ་ཡིན་ནའང་ཁོང་ཚོའི་མཚན་མའི་བདེ་ཐང་དང་། འཁྲིག་སྤྱོད་གནས་སྟངས། འབྲེལ་ལམ། རང་ཉིད་ཀྱི་གཙང་སྦྲ་འཕྲོད་བསྟེན་བཅས་ཀྱི་སྐོར་འཛེམ་ཟོན་མེད་པར་བཤད་ཐུབ་པ་ཞིག་བཟོ་ཐབས་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

Share