ཨོ་གླིང་སྐུ་ཚབ་དོན་གཅོད་མཆོག་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུག་འཕྲད་དང་བགྲོ་གླེང་།

ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༡༥ ཉིན་ཨོ་སི་ཊོ་ལི་ཡའི་ནང་སྐུ་ཚབ་དོན་གཅོད་ཀརྨ་སེངྒེ་མཆོག་གིས་གཙོས་པའི་བོད་མི་ཁག་ཅིག་གིས་ཨོ་གླིང་གནས་སྡོད་རྒྱ་རིགས་རྩོམ་པ་པོ་དང་། མཁས་དབང་། མང་གཙོ་དོན་གཉེར་བ་སོགས་དང་ཐུག་འཕྲད་ཀྱིས་རྒྱ་མི་རིགས་དང་བོད་མི་བར་མཛའ་འབྲེལ་བཟང་དུ་གཏོང་ཕྱོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དགོངས་གཞི། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། ད་ལྟའི་བོད་ནང་གི་གནས་སྟངས་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་འདུག
Share