བསྟན་འཛིན་ཚེ་སྐྱིད་ལ་གསེར་གྱི་རྟགས་མ་གསུམ་རག་འདུག

Tenzin Tsekyi.jpg

ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་ཁུལ་ཁེམ་བྷེལ་ཊོན་ས་གནས་སུ་གནས་སྡོད་བྱས་ཡོད་པའི་བུ་མོ་བསྟན་འཛིན་ཚེ་སྐྱིད་ལ་འདི་ལོར་ས་གནས་དེར་ཡོད་པའི་ཐོ་མཱ་སི་རའེ་ཌལ་མཐོ་འབྲིང་སློབ་གྲྭ་ Thomas Reddall ནས་ཕྱི་ལོ་ ༢༠༢༢ ལོའི་འཛིན་གྲྭའི་གསེར་གྱི་རྟགས་མ་ཁག་གསུམ་རག་འདུག


བསྟན་འཛིན་ཚེ་སྐྱིད་ལ་སློབ་གྲྭ་དེའི་འཛིན་རིམ་དགུ་པའི་ནང་དབྱིན་ཡིན་ཐོག་ཨང་རིམ་དང་པོ་དང་། ས་ཁམས་སྐོར་ཨང་རིམ་དང་པོ། རོལ་དབྱངས་སྐོར་ཨང་རིམ་དང་པོ་བཅས་གསེར་གྱི་རྟགས་མ་ཁག་གསུམ་དང་། གཞན་ཡང་ཕྱི་ལོ་ ༢༠༢༢ ལོའི་འཛིན་རིམ་དགུ་པའི་ནང་སྤྱི་ཡོངས་གྲུབ་འབྲས་ལེགས་ཐོན་གྱི་ཕུལ་བྱུང་བྱ་དགའ་བཅས་ཁྱོན་དུས་གཅིག་ལ་བྱ་དགའ་མ་འདྲ་བ་ཁག་བཞི་རག་ཡོད་པ་རེད།



Share