གནས་སྤོ་བ་ཚོ་ལ་མཚོན་ན་རིག་གཞུང་མ་འདྲ་བའི་རྙོག་འཛིང་དང་ཕྱི་རྒྱལ་གྱི་ཁོར་ཡུག་ལ་གོམས་འདྲི་མེད་པའི་དཀའ་ངལ། ད་དུང་གནས་སྤོ་བ་མང་པོ་ཞིག་རྙོག་འཛིང་ཆེ་བའི་གནས་སྤོ་བའི་འདུ་ཤེས་དང་ངོ་བོ་བརླག་པའི་ཚོར་བ་ཤུགས་ཆེ་ཡོང་གི་ཡོད། དེར་བརྟེན་གནས་སྤོ་བ་ཚོས་དཀའ་ངལ་དེ་དག་ཚང་མར་གདོང་ལེན་ཇི་ལྟར་བྱེད་ཐུབ་གི་རེད་དམ།
གནས་སྤོའི་སྡུག་བསྔལ་ལ་རིམ་པ་མང་པོ་ཞིག་ཡོད་པ་རེད། དེ་ཡང་རིག་གཞུང་མ་འདྲ་བའི་རྙོག་འཛིང་དང་ཕ་ཡུལ་དྲན་པའི་གདུང་བ་སོགས་སེམས་ལ་དཀའ་ངལ་སྔན་ཚོགས་ཤིག་ཡོང་གི་ཡོད་པས་མ་ཚད། ད་དུང་སྐད་ཡིག་མ་ཤེས་པའི་དཀའ་ངལ། གནས་སྤོ་བ་དང་སྐྱབས་བཅོལ་བ་མང་པོ་ཞིག་འགྲོ་བ་མིའི་བདེ་སྡུག་ལ་མནར་གཅོད་དང་མཛའ་བརྩེ་ལ་དོ་ཕོག་རབ་དང་རིམ་པ་ཞིག་ཕོག་གི་ཡོད་པ་རེད།
ཌོ་ཊར་གྷ་རན་ཊི་བྷ་ལཱ་ཤི་ཁེ་ Dr Grant Blashki ལགས་ནི་ Beyond Blue ཞེས་པའི་ཨོ་སི་ཊོ་ལི་ཡའི་ནང་སེམས་ཁམས་དང་འགྲོ་བ་མིའི་བདེ་སྡུག་ལྟ་སྐྱོང་བྱེད་མཁན་གྱི་ཚོགས་པ་ཞིག་གི་འགན་འཛིན་ཡིན་ཞིང་ཁོང་གིས་གནས་སྤོ་བའི་སེམས་སྡུག་དེ་ནི་རྣམ་པ་སྣ་ཚོགས་ལས་མངོན་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
དེ་ཡང་སེམས་ཁམས་ལས་སེམས་སྡུག་གི་རྣམ་པ་དང་ཧང་སང་བ། ཁོང་ཁྲོ་ལངས་བ། སྒྱིན་ལུག་ངན་པ་ཆགས་པ་སོགས་ཡོང་གི་ཡོད། གཟུགས་གཞིའི་ཐོག་ནས་ཀྱང་གཉིད་ཡག་པོ་མི་ཁུག་པ་དང་། ལུས་པོ་ཐང་ཆད་པ། སེམས་ཁུམ་པ་སོགས་ཡོང་གི་ཡོད། མ་ཚད་མཚམས་རེར་མི་མང་པོ་ཞིག་གནས་སྟངས་གཉིས་པ་ཞིག་གིས་ཀྱང་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅིང་། དེ་ཡང་ཁྱེད་ཚོས་ཤེས་གསལ་ལྟར་ནང་གི་དཀའ་ངལ་དང་། ལས་ཀ་བྱེད་ས་ནས་དཀའ་ངལ། ཡང་ན་མཚམས་རེར་ཆང་རག་ཚོད་མེད་འཐུང་བ་སོགས་ཀྱི་གནས་སྟངས་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
གནས་སྤོ་བའི་སེམས་སྡུག་ནི་རྟག་ཏུ་"གསལ་ལ་མི་གསལ་བའི་གྱོང་གུན་"ལས་བྱུང་བ་སྟེ། གསལ་པོ་མེད་པ་དང་གཏན་འཁེལ་མེད་པའི་གྱོང་གུན་རིགས་ཤིག་ཡིན། གསལ་ལ་མི་གསལ་བའི་གྱོང་གུན་གྱི་ངོ་བོ་ནི་སེམས་ཚོར་སྒོ་བརྒྱབ་པ་ལྟར་བུ་ཞིག་ཡིན་པས་དེ་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད།
ཁ་ཤས་ཤིག་སེམས་སྡུག་ནི་ཁོང་ཚོའི་ཅི་ཞིག་བརླག་སོང་བའི་རྐྱེན་གྱིས་ཡོང་གི་ཡོད་པ་རེད། སྤྱི་ཡོངས་མང་ཆེ་བའི་བརླག་སོང་བ་ནི་ངོས་འཛིན་ཐུབ་པ་ཞིག་རེད། དཔེར་ན་ཁྱེད་རང་གི་དགའ་སའི་མི་ཞིག་དང་ཡང་ན་གཅེས་པོ་བྱེད་ས་བརླག་པ། ཡང་ན་ཁྱེད་རང་གི་ལས་ཀ་བརླག་པའམ། སྡོད་སའི་ཁང་པ་བརླག་པ་སོགས་ལས་ཡོང་གི་ཡོད་པས་དེ་ཚོ་ངོས་འཛིན་ཐུབ་པ་ཞིག་ཡིན། ད་དུང་ཁྱེད་སེམས་པ་སྐྱོ་བ་དང་ཁོང་ཁྲོ་ལངས་བ། བློ་ཕམ་པ་སོགས་ལས་ཡོང་གི་ཡོད།
འོན་ཀྱང་དེར་སེམས་རུབ་པའི་ཚོར་སྣང་ཡོང་གི་ཡོད་པ་དང་། གསལ་ལ་མི་གསལ་བའི་གྱོང་གུན་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་གྱོང་གུན་གསལ་བོ་མིན་པའི་སྐབས་སུ་བྱུང་བ་ཡིན་མོད། འོན་ཀྱང་སེམས་སྡུག་དེ་རིགས་ལ་དོ་དམ་བྱེད་རྒྱུ་ནི་ཧ་ཅང་ཁག་པོ་རེད་ཅེས་གསུངས་འདུག
ཌོ་ཊར་བྷ་ལཱ་ཤི་ཁེ་ Dr Blashki ལགས་ཀྱིས་གཞིས་སྤོ་བ་ཚོ་ལ་མཚོན་ན་དུས་གཅིག་ལ་གནས་སྟངས་མང་པོ་ཞིག་སྡེབ་གཅིག་ལ་བརླག་པའི་ཚོར་སྣང་དེ་ཡོང་གི་ཡོད་ཅིང་། ཚོར་སྣང་དེ་གཙོ་བོར་ས་ཆ་གསར་པ་སླེབས་མ་ཐག་དེར་ཡོང་གི་ཡོད་པ་རེད་ཅེས་གསུངས་འདུག
དཔེར་ན་ས་ཆ་གནས་སྤོ་བྱས་པ་དེས་གནམ་གཤིས་ལ་གོམ་འདྲིས་མ་ཐུབ་པའི་དཀའ་ངལ་དང་། ད་དུང་ཁོང་ཚོའི་ངོ་བོ་ཡང་འགྱུར་སོང་བའི་ཚོར་སྣང་ཡོང་གི་ཡོད། གནས་སྟངས་དེའི་རྐྱེན་པས་ཁོང་ཚོའི་སྤྱི་ཚོགས་ནང་གི་གནས་བབས་ཀྱང་ཟག་སོང་བའི་ཚོར་སྣང་ཡོང་གི་ཡོད། ང་ཚོའི་གཞིས་སྤོ་བ་དང་སྐྱབས་བཅོལ་བ་ཁག་ཅིག་འཚོ་གནས་ལའང་དཀའ་ངལ་ཤུགས་ཆེ་འཕྲད་ཀྱི་ཡོད་ཅིང་། ཁོང་ཚོ་ཁག་ཅིག་སྤྱི་ཚོགས་འབྲེལ་འདྲིས་ལའང་གདོང་ལེན་ཆེན་པོ་བྱེད་དགོས་འཁེལ་གྱི་ཡོད། ལས་དོན་ག་རེ་ཡིན་རུང་ཚང་མ་སྐད་ཡིག་ཤེས་རྟོགས་ལས་བརྒྱུད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨུ་རུ་གྷེ་ Uruguay ལ་སྐྱེས་པའི་སེམས་ཁམས་རིག་པའི་སྨན་པ་ཇོར་ཇེ་ཨ་རོ་ཁེ་ Jorge Aroche ལགས་ནི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ཞབས་ཞུ་ཁང་ནང་གི་རྡུང་སྡེབ་དང་རྨས་སྐྱོན་ལས་སྲོག་ཉེན་ཐར་བ་རྣམས་ཀྱི་སྨན་བཅོས་དང་ལུས་གསོ་ལས་དོན་གྱི་འགན་འཛིན་ཞིག་ཡིན་ཞིང་། ཚོགས་པ་དེས་གསར་དུ་འབྱོར་བའི་སྐྱབས་བཅོལ་བ་རྣམས་ལ་སེམས་ཁམས་དཀའ་ངལ་ཐད་རོགས་རམ་གནང་གི་ཡོད།
ཁོང་གིས་གནས་སྤོ་བའི་སེམས་སྡུག་འབྱུང་རྐྱེན་གཙོ་བོ་ཞིག་ནི་དོན་དངོས་གྱོང་གུད་དང་འགོག་ཐབས་བྲལ་བའི་གྱོང་གུད་གཉིས་ཟུང་དུ་འབྲེལ་བ་ལས་ཡོང་གི་ཡོད་པའི་ཡོད་སྐོར་དང་། དཔེར་ན་ནང་མི་ཁ་བྲལ་ཕྱིན་པ་དང་། ས་ཆ་ཞིག་ལ་སེམས་ཆགས་པ་སོགས་ལས་ཡོང་གི་ཡོད་སྐོར་བརྗོད་འདུག