ཁྱེད་རང་གིས་གད་སྙིགས་བླུག་སྟངས་མ་ནོར་བ་བྱེད་བཞིན་ཡོད་དམ།

Recycling

Source: SBS

ཨོ་སི་ཊོ་ལི་ཡས་ལོ་རེར་གད་སྙིགས་ཏུན་ས་ཡ་ ༧༤ ཙམ་བཟོ་བཞིན་ཡོད་ཅིང་། དེའི་ནང་གད་སྙིགས་བརྒྱ་ཆ་ ༦༠ ཙམ་བསྐྱར་སྤྱོད Recycled བྱེད་བཞིན་ཡོད་པ་ལས། གཞན་གད་སྙིགས་རྣམས་ས་ཐོག་ཏུ་སྤུངས་བཞིན་ཡོད།


གད་སྙིགས་བསྐྱར་སྤྱོད་སྐོར་སློབ་སྦྱོར་བརྡར་དང་གཤམ་དུ་སྟབས་བདེའི་དཔེ་མཚོན་འགའ་ཞིག་བརྒྱུད་ཚེ་འགྱུར་བ་མ་འདྲ་བ་ཞིག་གཏོང་ཐུབ་ཀྱི་ཡོད།

 ཨོ་སི་ཊོ་ལི་ཡའི་གཙང་བཟོ་ཞབས་ཞུ་ Clean up Australia ཞེས་པའི་ཚོགས་པ་དེའི་འགན་འཛིན་ཕི་ཕུ་ཁེར་ནན་ Pip Kiernan ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་མི་མང་ཆེ་བས་གད་སྙིགས་བསྐྱར་སྤྱོད་གལ་ཆེན་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ད་དུང་མི་མང་པོ་ཞིག་གིས་གད་སྙིགས་བསྐྱར་སྤྱོད་རུང་བ་ག་རེ་ཡིན་མིན་དང་མི་རུང་བ་ག་རེ་ཡིན་མིན་མ་ཤེས་པར་མགོ་འཐོམ་བཞིན་ཡོད་སྐོར་བརྗོད་འདུག 

འགན་འཛིན་ Pip Kiernan ལགས་ཀྱིས་ཉེ་བའི་ཆར་ཞིབ་འཇུག་ཞིག་གི་ནང་མི་མང་བརྒྱ་ཅ་ ༨༩ ཙམ་གྱིས་གད་སྙིགས་བསྐྱོར་སྤྱོད་དེ་གལ་ཆེན་པོ་ཡིན་པ་བརྩི་བཞིན་ཡོད་ཀྱང་། ང་ཚོའི་མི་ ༣ ནང་ནས་མི་ ༡ གི་མ་གཏོགས་གད་སྙིགས་བསྐྱར་སྤྱོད་ནང་ཏག་ཏག་ཅིག་བླུག་གི་མེད་སྐོར་བརྗོད་འདུག

གད་སྙིགས་བསྐྱར་སྤྱོད་རུང་བའི་གད་སྙིགས་ནང་བསྐྱར་སྤྱོད་མི་རུང་བ་དེ་འདྲ་བླུག་ཚེ་གད་སྙིགས་བསྐྱར་དུ་བེད་སྤྱོད་གཏོང་རུ་བ་དང་མི་རུང་བ་ཚང་མ་མཉམ་དུ་གད་སྙིགས་བསྐྱར་དུ་བེད་སྤྱོད་གཏོང་མི་རུང་བའི་ས་ཆར་གཡུག་དགོས་འཁེལ་གྱི་ཡོད་འདུག

ཞིབ་འཇུག་ལྟར་ན་མི་མང་པོ་ཞིག་གིས་གད་སྙིགས་དེ་བསྐྱར་སྤྱོད་རུང་བ་དང་མི་རུང་བ་ག་རེ་ཡིན་མིན་མ་ཤེས་ཀྱང་བསྐྱར་སྤྱོད་རུང་བའི་གད་སྙིགས་བླུག་སྣོད་ནང་བླུག་གི་ཡོད་འདུག

ཁོ་མོས། སྤྱིར་བཏང་གི་ནོར་འཁྲུལ་ནི་མི་རྣམས་ཀྱིས་དངོས་པོ་འདི་ Recycled བསྐྱར་སྤྱོད་རུང་བ་ཞིག་ཡིན་གྱི་རེད་བསམས་ནས། དཔེར་ན། སྣབ་འཕྱིས་ཤོག་བུ་དང་། ཐབ་ཚང་གི་ཨ་ཅོག ད་དུང་ཕྲུ་གུའི་ཆབ་སྟན་སོགས་བསྐྱར་སྤྱོད་གད་རུང་བའི་གནད་སྙིགས་བླུག་སྣོད་ནང་གཡུག་པ་དང་། དེས་བསྐྱར་སྤྱོད་རུང་བའི་གད་སྙིགས་གཞན་པ་དེ་འདྲར་ནད་འབུ་དང་མི་གཙང་བ་འགོས་ནས། མཚམས་རེར་གནད་སྣོགས་གཡུག་སྟངས་ནོར་བའི་རྐྱེན་གྱིས་བསྐྱར་སྤྱོད་རུང་བའི་གནད་སྙིགས་མོ་ཊ་གང་ཙམ་འཕྲོ་བརླག་བཏང་ནས་བསྐྱར་སྤྱོད་མི་རུང་བའི་གནད་སྙིགས་གཡུག་སར་གཡུག་དགོས་འཁེལ་གྱི་ཡོད་པ་རེད་ཅེས་གསུངས་འདུག

གལ་ཆེ་ཤོས་ཤིག་ནི་ཁྱེད་རང་གནས་སྡོད་བྱེད་ས་ས་གནས་གྲོང་སྡེ་ལྷན་ཁང་ཁུལ་དུ་གད་སྙིགས་བསྐྱར་དུ་བེད་སྤྱོད་རུང་བ་ག་རེ་ཡིན་མིན་བརྟག་དཔྱད་བྱེད་དགོས་པ་དང་། དེ་བཞིན་མངའ་སྡེ་དང་ས་ཁུལ་སོ་སོ། གཞན་ཡང་གྲོང་སྡེ་ལྷན་ཁང་སོ་སོར་གད་སྙིགས་བསྐྱར་སྤྱོད་སྐོར་སྒྲིག་གཞི་འགྲོ་སྟངས་མ་འདྲ་བ་རེར་ཡོད་པ་རེད། གད་སྙིགས་བསྐྱར་སྤྱོད་སྐོར་ཨོ་སི་ཊོ་ལི་ཡའི་ཁྱོན་ཡོངས་སུ་གོ་རྟོགས་སྤེལ་རྒྱུར་ཏོག་གནད་འགག་ཆགས་ཡོད་པ་རེད། 

དེ་ཡང་ Greenius དང་ Cleanaway ཞེས་པའི་དྲ་ཚིགས་དེ་དག་ཐོག་ནས་ཁྱེད་རང་གི་ས་གནས་སུ་གད་སྙིགས་བླུག་སྣོད་ག་རེ་བེད་སྤྱོད་བྱེད་དགོས་མིན་ངོ་སྤྲོད་བྱས་ཡོད།་ སྤྱིང་ཡོངས་ཀྱི་སྒྲིག་གཞི་ནི་བསྐྱར་སྤྱོད་རུང་བའི་གད་སྙིགས་བླུག་སྣོད་ནང་གད་སྙིགས་སྐམ་པོ་དང་། གཙང་མ། ལྷུག་ལྷུག་བྱེད་ནས་བླུག་དགོས་ཀྱི་ཡོད་པ་རེད། བསྐྱར་སྤྱོད་རུང་བའི་གད་སྙིགས་ཏག་ཏག་ཅིག་བླུག་ཐུབ་ཚེ་དེས་ང་ཚོར་ཚེ་སྲོག་གསར་པ་ཞིག་སྦྱིན་གྱི་ཡོད།

ཁོ་མོས་བསྐྱར་སྤྱོད་རུང་བའི་གད་སྙིགས་དེ་ཚོ་འགྱིག་ཤོག་ནང་བླུག་མི་རུང་། གད་སྙིགས་དེ་དག་གཙང་མ་དང་སྐམ་པོ་དགོས་ཀྱི་ཡོད་པ་རེད། གལ་སྲིད་ཁྱེད་རང་གིས་ཤེལ་དམ་དེ་འདྲ་ཞིག་བསྐྱར་སྤྱོར་རུང་བ་རེད་བསམས་ན་དེའི་ནང་ཡོད་པའི་གཤེར་ཁུ་དང་ཟས་རིགས་ག་རེ་ཡོད་རུང་བཏོན་ནས་གཙང་མ་བཟོ་དགོས། སྣོད་ཀྱི་ཁེབ་གཅོད་ཅིག་ལ་ཆགས་བཞག་ནའང་ལྕག་དང་ཤེལ་གཉིས་སོ་སོ་ཕྱེ་ནས་ལོགས་སུ་བླུག་དགོས་པ་ཡིན། ད་དུང་ཁྱེད་རང་གི་བསམས་པར་ཤིང་སྒྲོམ་དེ་འདྲ་བསྐྱར་སྤྱོད་རུང་ས་རེད་བསམས་ནས་དེ་ཚོ་གཙང་མ་དང་སྐམ་པོ་དགོས་པ་ཡིན། གལ་སྲིད་དེ་ཚོ་ཚིལ་ཞག་དེ་འདྲ་འགོས་ཡོད་ཚེ་བསྐྱར་སྤྱོད་བྱེད་མི་ཐུབ་པས་དེ་ཚོ་སྤྱིར་བཏང་གི་གད་སྙིགས་ནང་གཡུག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

འོ་ན་དངོས་པོ་གང་ཞིག་བསྐྱར་དུ་བེད་སྤྱོད་གཏོང་རུང་གི་ཡོད་དམ་ཟེར་ན། དེ་སྔོན་ཕྱི་ལོ་ ༢༠༡༨ ལོར་ཨོ་སི་ཊོ་ལི་ཡའི་ ARL ཞེས་པའི་ལས་ཁུངས་དེས་དངོས་པོ་གང་ཞིག་བསྐྱར་སྤྱོད་རུང་བའི་གད་སྙིགས་ཡིན་མིན་ངོ་སྤྲོད་གསལ་པོ་གནང་ཡོད་པ་རེད།

གལ་སྲིད་གད་སྙིགས་དངོས་པོ་གང་ཞིག་ཨོ་སི་ཊོ་ལ་ཡའི་ ARL ནས་བསྐྱར་སྤྱོད་རུང་བའི་གད་སྙིགས་ཡིན་པ་ངོ་སྤྲོད་བྱས་མེད་པ་དང་། ཁྱེད་རང་གིས་ཀྱང་དངོས་པོ་དེ་བསྐྱར་སྤྱོད་རུང་བའི་གད་སྙིགས་ཤིག་ཡིན་པ་ཤེས་ཀྱི་མེད་ཚེ། བསྐྱར་སྤྱོད་རུང་བའི་གད་སྙིགས་བླུག་སྣོད་ནང་མི་བླུག་པར་གད་སྙིགས་བླུག་སྣོད་ལས་ཕྱི་ལོགས་སུ་བཞག་དགོས་པ་ཡིན།

 དེ་དང་ཆབས་ཅིག་འགྱིག་ཤོག་སོབ་སོབ་དེ་ཚོ་བསྐྱར་སྤྱོད་རུང་བའི་དངོས་པོ་ཞིག་མིན་ཡང་། དེ་ཚོ་བཟོ་བསྐྲུན་ཁག་ཅིག་ལ་དགོས་མཁོ་ཡོད་པས་དེ་ཚོ་བླུག་འཇོག་བྱེད་སའི་ས་ཆ་ཡོད་པས་དེ་ལ་ངེས་པར་དུ་སྐྱེལ་ཐུབ་པ་བྱེད་དགོས། ཨོ་སི་ཊོ་ལི་ཡའི་ནང་འགྱིག་ཤོག་སོབ་སོབ་དེ་འདྲ་སྤུངས་སའི་ས་གནས་ཁག་ ༡༩༠༠ ཙམ་ཡོད་པ་རེད།


Share