Key Points
- Only return home after receiving official clearance, and take precautions against structural damage, electrical hazards, and unexpected wildlife.
- Document all damage before cleaning up to support insurance claims, and check for financial assistance from government programs.
- Dry out your home quickly to prevent mould, disinfect all surfaces, and wear protective gear when cleaning.
- Recovery takes time—seek mental health support if needed, rely on community connections, and offer help to those around you.
གལ་ཏེ་ཁྱེད་རང་ཆུ་ལོག་གམ་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཡོད་ཚེ་མགྱོགས་མྱུར་གནོད་འཚེ་ལས་ཕྱིར་ཐོན་ཐབས་བྱ་རྒྱུར་བྲེལ་འཚབ་ཡོད་པ་ནི་རྒྱུན་ལྡན་ཡིན། འོན་ཀྱང་བདེ་འཇགས་ནི་ཨང་དང་པོ་ཡིན།
ཁྱིམ་དུ་བདེ་འཇགས་ངང་ཕྱིར་ལོག་ཐབས།
རང་བྱུང་གི་གནོད་འཚེ་རྗེས་སུ་གལ་སྲིད་ཁྱེད་རང་གནས་སྤོ་བྱེད་དགོས་བྱུང་ཚེ་ཁྱེད་ཀྱིས་མངའ་སྡེའི་ཛ་དྲག་ཞབས་ཞུ་ཚན་པ་ (SES) ཡིས་གཞུང་འབྲེལ་གྱི་ཆོག་མཆན་སྤྲད་རྗེས་ད་གཟོད་ཁྱིམ་དུ་ཕྱིར་ལོག་བྱེད་དགོས།
ཕྱིར་མ་ལོག་པའི་སྔོན་ལ་མཁོ་ཆས་གྲ་སྒྲིག་བྱེད་དགོས། དཔེར་ན། མི་བཟའ་བཏུང་དང་། ཤེལ་དམ་ནང་བླུགས་པའི་ཆུ། དངུལ་ལོར། གློག་གསོག་འགྲིག་པའི་ཁ་པར། གློག་སྒྲོན། གློག་རྫས། གཙང་སྦྲའི་ཡོ་བྱད་བཅས་སོ། ཆུ་ལོག་གི་ནང་དུ་རླངས་འཁོར་བསྐོར་ནས་འགྲོ་རྒྱུ་གཡོལ་དགོས། ཤིང་སྡོང་ལྷུང་བ་དང་གློག་སྐུད་ལྟ་བུའི་ཉེན་ཁ་ལ་དོགས་ཟོན་བྱེད་དགོས།
འབྱོར་མ་ཐག་ཁྱིམ་ནང་མ་འཛུལ་བའི་སྔོན་ལ་ཁྱིམ་གྱི་བཀོད་སྒྲིག་ལ་མིག་གིས་བལྟས་ཏེ་ཞིབ་བཤེར་བྱེད་དགོས། གློག་དང་རླངས་སྣུམ་བཅས་བཀག་འགོག་བྱས་ཡོད་མེད་དང་ཉེན་ཁ་ཡོད་མེད་ཞིབ་འཇུག་གཟབ་ནན་བྱེད་དགོས།
ཁྱིམ་དུ་བདེ་འཇགས་ངང་འཛུལ་བ།
ཁྱིམ་ནང་དུ་མ་འཛུལ་བའི་སྔོན་ལ་གློག་ཞུ་ཞིག་བེད་སྤྱོད་གཏོང་དགོས། གློག་སྒོ་གང་ཡང་སྒོ་ཕྱེ་མི་རུང་།” ཞེས་ནིའུ་སའོ་ཐི་ཝེལ་སི་(New South Wales) མྱུར་སྐྱོབ་ལས་ཁུངས་ཀྱི་སྡེ་ཚན་ནུས་སྟོབས་འགན་འཛིན་ལྕམ་ཌོ་རོ་ཐི་ཊན་ Dorothy Tran གྱིས་ལམ་སྟོན་གནང་། ཁོ་མོས་“ཁྱེད་ཀྱིས་གློག་ལས་མཁས་པ་ཚད་ལྡན་ཞིག་ལ་གློག་སྒོ་དེ་དག་སྒོ་མ་ཕྱེ་བའི་སྔོན་ལ་ཞིབ་བཤེར་བྱེད་དུ་འཇུག་དགོས།
ཁྱིམ་དུ་ལོག་པ་ནི་སེམས་འཚབ་ཆེན་པོ་ཞིག་ཡིན་སྲིད། གལ་ཏེ་འགྲིག་ན་ཐོག་མར་བྱིས་པ་དང་སྒོ་ཕྱུགས་རྣམས་རྒྱང་དུ་འཇོག་དགོས།
རྨས་སྐྱོན་མི་ཡོང་བའི་ཆེད་དུ་ལྷམ་སྲ་བརྟན་དང་། ལག་ཤུབས། གོས་སྲ་མཐུག་ལག་རིང་ཅན་ཞིག་གྱོན་དགོས། དེ་ནས་ཁང་པའི་ནང་སེམས་ཅན་གསར་པ་ག་རེ་སླེབས་ཡོད་མེད་རྣམས་ལ་དོ་སྣང་བྱེད་དགོས། བྱ་དང་སྦལ་པ་དང་འབུ་སྲིན་རྣམས་ཁང་པའི་ནང་སླེབས་ཡོད་སྲིད། སྦྲུལ་དང་ཝ་ལ་སོགས་པ་ལས་རིགས་མཁས་ཅན་ཞིག་གིས་དེ་ཚོ་གཟབ་ནན་ང་གནས་སྤོ་བྱེད་དུ་འཇུག་དགོས།

Dry out your home quickly to prevent mould, disinfect all surfaces, and wear protective gear when cleaning. Credit: Glenn Hunt/Getty Images
འགན་བཅོལ་དང་མ་དངུལ་གྱི་རྒྱབ་སྐྱོར།
གལ་ཏེ་ཁྱེད་རང་ལ་གྱོང་གུད་ཉེན་སྲུང་ཡོད་ན། གནོད་འཚེ་ཕོག་ཡུལ་གཙང་བཟོ་མ་བྱེད་གོང་ལ་གནོད་སྐྱོན་ཕོག་པ་ཁག་ཚང་མ་ཡིག་ཐོག་ཏུ་བཀོད་དགོས། མ་ཚད་པར་དང་བརྙན་བླངས་ནས་གྱོང་གུན་གྱི་ཐོ་འགོད་ཞིབ་ཕྲ་བཟོས། ལས་དོན་སྔ་ཙམ་ནས་མགོ་བརྩམས་ན་ཡག
མའེ་ཐིའུ་ཇོ་ནེ་ Matthew Jones ལགས་ནི་ཨོ་སི་ཁྲུ་ལི་ཡའི་ཉེན་སྲུང་ལྷན་ཚོགས་ཀྱི་སྤྱི་ཚོགས་ལས་དོན་གྱི་སྤྱི་ཁྱབ་འགན་འཛིན་ཡིན།
ཁོང་གིས་ཁྱེད་ཀྱིས་གང་མགྱོགས་ཐོབ་ཐང་རྩོད་ལེན་བྱེད་པའི་བྱ་རིམ་འགོ་འཛུགས་ཐུབ་ཅེས་བཤད།
ཁྱེད་རང་གིས་ཁོང་ཚོ་བརྒྱུད་ནས་འགྲོ་སྐབས་ཐོབ་ཐང་རྩོད་ལེན་ལ་གྱོང་གུན་གཞན་པ་ཁ་སྣོན་བྱེད་ཐུབ།
ཉེན་སྲུང་སྤྲོད་མཁན་ཁ་ཤས་ཀྱིས་གནས་སྐབས་ཀྱི་སྡོད་གནས་དང་ཟ་མ་འཕྲོ་བརླག་འགྲོ་བ་ལྟ་བུའི་དགོས་གལ་ཆེ་བའི་ཅ་ལག་ལ་རོགས་དངུལ་མགྱོགས་པོ་སྤྲོད་ཀྱི་ཡོད།
གཞུང་གིས་བུ་ལོན་རོགས་སྐྱོར་ཐད་ཁ་པར་བརྒྱུད་རིན་མེད་ལམ་སྟོན་གནང་གི་ཡོད།
གཞུང་གིས་གནོད་འཚེའི་རོགས་སྐྱོབ་ཀྱང་ཐོབ་སྲིད་པ་རེད། གནས་ཚུལ་ཞིབ་ཕྲ་ disasterAssist.gov.au ལ་ཕེབས་ནས་རྒྱབ་སྐྱོར་བྱེད་ཐབས་གནས་ཚུལ་གསར་པ་ཁག་ལ་རྒྱུན་ལོན་བྱེད་དགོས་སྐོར་གསུངས་འདུག
གཙང་བཟོ་དང་མྱུར་དུ་བྱ་བ་ལག་ལེན་དུ་འཁེལ་བ་བྱེད་དགོས།
གནོད་སྐྱོན་དང་འདམ་རྫབ་སྔོན་འགོག་ཆེད་དུ་སྡོད་ཁྱིམ་མྱུར་དུ་སྐམ་པར་བྱེད་དགོས། སྒེའུ་ཁུང་དང་སྒོ་ཕྱེས་ཏེ། གློག་ཤུགས་སླར་གསོ་བྱུང་རྗེས། རླུང་འཁོར་དང་། རླན་སེལ་འཕྲུལ་འཁོར། དྲོད་འདོན་འཕྲུལ་འཁོར་བེད་སྤྱོད་བྱེད་དགོས། ཆུ་ལོག་གི་ནང་དུ་རྫས་དུག་འགོས་སླ་བས་དངོས་རྫས་ཡོད་ཚད་ལ་དུག་སེལ་བྱེད་དགོས། ལྷག་པར་དུ་ཟས་རིགས་འཇོག་སར་ཁོར་ཡུག་ལ་བྱེད་དགོས། ཆུ་ལོག་དང་འབྲེལ་བ་ཡོད་པའི་ཟས་རིགས་གང་ཡིན་ཡང་གཡུག་དགོས།
ཆུ་ལོག་ནང་དུ་འབག་བཙོག་མང་པོ་ཡོད། དེ་ནི་རྫས་འགྱུར་ཡིན་སྲིད། ཡང་ན་མིའི་བཤང་གཅིན་དང་སྲོག་ཆགས་ཀྱི་བཤང་བ་ཡིན་སྲིད། ང་ཚོས་དངོས་པོ་འདི་དག་ཚང་མ་ཕྱིར་དོར་བའམ་ཡང་ན་བེད་སྤྱོད་མ་བྱས་པའི་སྔོན་ལ་གཙང་མ་ཞིབ་ཚགས་པོ་བྱེད་དགོས་པ་བསམ་བློར་འཁོར་དགོས”ཞེས་ལྕམ་ཌོ་རོ་ཐི་ Dorothy Tran ལགས་ཀྱིས་འགྲེལ་བརྗོད་གནང་འདུག
གལ་ཏེ་ཁྱོད་ཀྱིས་རྫས་འགྱུར་ཤུགས་ཆེན་བེད་སྤྱོད་བྱེད་པའམ་ཡང་ན་རྡུལ་རྫས་གཙང་སེལ་བྱས་པ་ཡིན་ན། ཁྱོད་ཀྱིས་སྲུང་སྐྱོབ་གྱོན་ཆས་ཀྱི་སྟེང་དུ་ད་དུང་དབུགས་འབྱིན་སྣ་འགེབས་ཤིག་གྱོན་དགོས། གནས་ཚུལ་ཁག་ཅིག་ཁྱོད་ལ་ཆེད་ལས་མཁས་པའི་ལམ་སྟོན་དང་རོགས་རམ་དགོས་སྲིད་ཅེས་གསུངས་འདུག
འཕྲོད་བསྟེན་བདེ་ཐང་གཙོ་གནད་དུ་འཛིན་དགོས།
ཆུ་ལོག་གི་གནོད་འཚེ་བྱུང་རྗེས་འབུ་སྲིན་སྣ་ཚོགས་ཀྱིས་འཕྲོད་བསྟེན་ལ་ཉེན་ཁ་ཚབས་ཆེན་བཟོ་སྲིད། ཛ་དྲག་སྨན་པ་དང་སྤྱི་པའི་འཕྲོད་བསྟེན་དང་གོད་ཆག་སྐོར་ཆེད་མཁས་པ་ཌོ་ཊར་ལའེ་ཧན་ཧྥུང་ Dr Lai Heng Foong ལགས་ཀྱིས་གནས་ཚུལ་དེ་འདྲའི་སྐབས་སུ་དབུགས་བསག་དང་ཡང་ན་དབུགས་ཐུང་ནད་པ་ལྟ་བུའི་མི་ཁག་ཅིག་ལ་དམིགས་བསལ་གྱི་རྨས་སྐྱོན་ཕོག་སྲིད་པའི་ཉེན་བརྡ་བཏང་བ་དང་། ཁོ་མོས་ཆུ་ལོག་རྗེས་ཀྱི་འཕྲོད་བསྟེན་གྱི་ཉེན་ཁ་གཞན་དག་ཡང་ཡོང་སྲིད་སྐོར་བརྗོད་འདུག
གོད་ཆག་ལས་སླར་གསོ་ཟེར་བ་ནི་རྒྱུ་དངོས་པོ་དང་ལུས་པོ་ཐོག་ནས་ཁོ་ན་མ་ཡིན་པར་སེམས་ཁམས་ཐོག་ནས་ཀྱང་སླར་གསོ་དགོས་གལ་ཆེ་སྐོར་གསུངས་འདུག

You can assist others by volunteering with local organisations or donating to relief efforts like the Red Cross. Credit: Dan Peled/Getty Images
ཁོང་གིས་“མི་ཚོས་གནོད་འཚེ་ཞིག་བྱུང་རྗེས་བདུན་ཕྲག་ཁ་ཤས་སམ་ཟླ་བ་ཁ་ཤས་ནང་གནོད་འཚེ་མ་བྱུང་བའི་སྔོན་གྱི་འཚོ་བའི་ནང་སླེབས་ཐུབ་ཀྱི་རེད་བསམས་ཀྱི་་ཡོད། ང་ཚོར་ཉམས་མྱོང་བརྒྱུད་ཤེས་རྟོགས་བྱུང་བ་ནི་དེ་ནི་ཚོད་དཔག་བྱས་པ་ལས་ལྡབ་ཀྱིས་རིང་བ་ཡོད། མི་ཚང་མར་དམིགས་འབེན་མི་འདྲ་བ་མང་པོ་ཞིག་ཡོད་པ་དཔེར་ན་སློབ་གྲྭ་སྒོ་བརྒྱབ་པ་དང་། ཡང་ན་འགན་བཅོལ་ཚོང་གཉེར་ཁང་དང་འབྲེལ་བ་བྱེད་དགོས་བྱུང་བ། ཡང་ན་རོགས་དངུལ་མི་འདྲ་བ་ཞུ་འབུལ་བྱེད་དགོས་བྱུང་བ། ཡང་ན་སྡོད་ཁྱིམ་གཙང་མ་བཟོ་དགོས་པའི་དགོས་མཁོ་ཡོད་པ་སོགས་རེད།”
ཁོང་གིས་རང་ཉིད་ལ་སེམས་ཁུར་བྱེད་དགོས་པའི་སྐུལ་མ་གནང་གི་ཡོད་པ་དེ་ནི་གོམ་པ་རྒྱག་པ་དང་ཇ་ཕོར་པ་གང་འཐུང་བ་ལྟ་བུ་རེད། ལྷག་པར་དུ་ཕྲུ་གུ་ཚོར་རྒྱབ་སྐྱོར་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། རྒྱུན་ལྡན་གྱི་བྱ་བ་རྒྱུན་འཁྱོངས་བྱེད་པ་དང་། ཁོང་ཚོའི་སེམས་ཁྲལ་ལ་ཉན་པ། དེ་བཞིན་རང་ཉིད་ཀྱི་སེམས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་འདུག
སྤྱི་ཚོགས་ཀྱི་སྟོབས་ཤུགས།
གོད་ཆག་བྱུང་རྗེས་ཁྱེད་ཀྱི་ཁྱིམ་མཚེས་ལ་ལྟ་ཞིབ་དང་ལྟ་རྟོགས་བྱེད་པ་དེས་སྤྱི་ཚོགས་ལ་ཁྱད་པར་ཆེན་པོ་བཟོ་ཐུབ།
ཨེ་རིན་པེ་ལི་ཡིས་“གོད་ཆག་བྱུང་རྗེས་ཀྱི་མི་མང་ཆེ་བ་གྲོགས་པོ་དང་ནང་མི། ཁྱིམ་མཚེས་དང་ཁོང་ཚོའི་ཉེ་འགྲམ་དུ་སྡོད་མཁན་གྱི་མི་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད།” མི་ཚོས་ཕན་ཚུན་ལ་ལྟ་རྟོག་བྱེད་པ་དེ་གོད་ཆག་རྗེས་ཀྱི་འཚོ་བར་གདོང་ལེན་བྱེད་པར་གལ་ཆེན་པོ་རེད།
ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་ས་གནས་ Andrijana Miler ཨན་ཌི་རི་ཇ་ན་མི་ལར་རླུང་འཚུབ་ཐོག་མ་དེ་བྱུང་སྐབས་མོ་རང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་སྐོར་སེམས་འགུལ་ཚད་མེད་ཐེབས་ཡོད་འདུག
ང་ཚོ་རྒྱ་གརམ་དམར་པོའི་མཐུན་ཚོགས་ལ་ངོ་དེབ་ Facebook ཚོགས་པ་ཞིག་ཡོད། དེས་ཕན་ཚུན་ལ་སྲང་ལམ་དུ་དོན་དག་ཅི་ཞིག་བྱུང་བ་དང་། སུ་ལ་ཆུ་ཡོད་ན། སུ་ལ་དྲ་རྒྱ་ཡོད། སུ་ལ་མེད། གལ་ཏེ་སུ་ཞིག་ལ་ཁོ་ཚོའི་ཕྲུ་གུའི་ཆེད་དུ་ཅ་ལག་དང་འོ་མ་དགོས་ན་ཕན་ཚུན་སྤྲོད་རེས་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

In addition to your protective clothing, wear a respirator if you’re using strong chemicals or cleaning up mould. Credit: Dan Peled/Getty Images
ཁྱེད་ཀྱིས་ཇི་ལྟར་རོགས་རམ་བྱེད་ཐུབ།
ཁྱེད་ཀྱིས་ས་གནས་ཚོགས་སྡེ་ཁག་དང་མཉམ་དུ་དང་བླངས་ཞབས་ཞུ་སྒྲུབ་པའམ་ཡང་ན་རྒྱ་གྲམ་དམར་པོ་ལྟ་བུའི་རོགས་སྐྱོར་ལས་འགུལ་ལ་ཞལ་འདེབས་ཕུལ་ཏེ་གཞན་ལ་རོགས་རམ་བྱེད་ཐུབ།
འོན་ཀྱང་སྐབས་རེ་བྱ་སྤྱོད་ཆེས་སླ་བའི་རིགས་ཀྱིས་ནུས་པ་ཆེས་ཆེན་པོ་ཐོན་གྱི་ཡོད།
“སུ་ཞིག་གིས་སེམས་ཁུར་བྱེད་པ་དང་། སུ་ཞིག་གིས་ཁྱེད་ཀྱིས་གང་ཞིག་མྱོང་བཞིན་པ་དེར་ཉན་པ། དེ་བཞིན་ཁྱེད་ལ་གང་བྱུང་བ་དེར་མཐུན་འགྱུར་རོགས་རམ་བྱེད་པ་ཤེས་རྟོགས་བྱུང་ན་དེ་ནི་མི་རྣམས་ལ་ཧ་ཅང་གལ་ཆེན་པོ་རེད། དེ་ནི་དངོས་རྫས་ཞལ་འདེབས་སམ་ཡང་ན་དངུལ་ཞལ་འདེབས་ཕུལ་དགོས་མེད། འོན་ཀྱང་དོན་དངོས་ཐོག་སེམས་པ་དང་རྣ་བ་གཞན་ལ་གཏད་དེ་ཁོང་ཚོའི་བདེ་སྡུག་དང་སེམས་ཁྲལ་ལ་ཉན་དགོས།” ཞེས་ཨེ་རིན་པེ་ལི་ཡིས་གའགྲེལ་བརྗོད་གནང་།
གལ་སྲིད་ཁྱེད་རང་ལ་འཕྲོད་བསྟེན་སོགས་ཀྱི་དཀའ་ངལ་འཕྲད་ཚེ་སྨན་པ་དང་རོགས་རམ་བྱེད་མཁན་ཁ་པར་བརྒྱུད་འབྲེལ་བ་་ཞུ་ས་ཁག་དང་། སེམས་ཁམས་འཕྲོད་བསྟེན་རོགས་རམ་གནང་མཁན་ཡང་ཡོད།
གཤམ་གསལ་ཚོགས་སྡེ་དང་འབྲེལ་བ་བྱེད་ས་ཁ་པ་ཨང་གྲངས།
Lifeline (13 11 14)
Beyond Blue (1300 22 4636)
Kids Helpline (1800 551 800)