Key Points
- The AEC provides tools to help you find your electorate and polling centre.
- Multiple voting options are available before and on election day.
- Voting information is available in multiple languages.
- The AEC provides a telephone interpreter service to help you cast your vote.
ཨོ་སི་ཁྲུ་ལི་ཡར་འོས་བསྡུའི་ལམ་ལུགས་འཛིན་སྐྱོང་བྱེད་མཁན་རང་དབང་ཅན་གྱི་ཚོགས་པ་ཞིག་ཡོད། འོས་འཕེན་པའི་ཐོབ་ཐང་ཡོད་མཁན་མི་སེར་ཚང་མར་འོས་ཤོག་འཕེན་ཆོག་གི་ཡོད་པ་དང་ང་ཚོའི་ཨོ་སི་ཁྲུ་ལི་ཡ་སྤྱི་མཐུན་སྲིད་གཞུང་བཟོ་བར་རོགས་རམ་བྱ་རྒྱུ་དེ་ཨོ་སི་ཁྲུ་ལི་ཡའི་འོས་བསྡུ་ལྷན་ཁང་གི་ལས་འགན་ཡིན།
རང་གི་འོས་མི་ངོས་འཛིན་བྱེད་པ།
ཨོ་སི་ཁྲུ་ལི་ཡའི་ནང་སྤྱི་མཐུན་འོས་བསྡུའི་སྡེ་ཚན་ ༡༥༠ ཡོད། ཁྱེད་རང་འོས་ཤོག་འཕེན་སའི་ས་ཁུལ་གང་དུ་སྡོད་ཀྱི་ཡོད་མེད་ངོས་འཛིན་བྱེད་པར་ཨོ་སི་ཁྲུ་ལི་ཡ་འོས་བསྡུ་ལྷན་ཁང་ AEC གི་དྲ་ཚིགས་ . ཐོག་ནས་འཚོལ་བཤེར་བྱེད་ཆོག མ་ཚད་ཁྱེད་རང་སྐད་སྒྱུར་དགོས་ཚེ་ 13 23 26 ལ་ཁ་པར་གཏོང་བའམ་ཡང་ན་ཁ་པར་སྐད་སྒྱུར་གྱི་ཞབས་ཞུ་ལ་ཞུགས་ཆོག་པས་དྲ་ཐག་ འདི་ནས་གཟིགས་རོགས།
འོས་འཕེན་ས་འཚོལ་བ།
AEC ཡིས་འོས་ཤོག་འཕེན་ས་སྟོང་ཕྲག་མང་པོ་གོ་སྒྲིག་བྱས་ཡོད། དེ་ཡང་ས་གནས་ཀྱི་སློབ་གྲྭ་དང་། སྤྱི་ཚོགས་ལྟེ་གནས་ཁ། ཡེ་ཤུའི་ཆོས་ཁང་བཅས་འོས་བསྡུའི་ཉིན་མོར་འོས་བསྡུ་ལྟེ་གནས་སུ་བསྒྱུར་གྱི་ཡོད།
འོས་བསྡུ་ལྷན་ཁང་གི་དྲ་ཚིགས་ཐོག་ཁྱེད་རང་གནས་སྡོད་བྱེད་སའི་ས་གནས་སྦྲག་ཁང་གི་ཨང་གྲངས་བརྟག་ཚེ་ཁྱེད་རང་གི་འོས་མི་སུ་ཡིན་པ་དང་གང་དུ་འོས་ཤོག་འཕེན་དགོས་མིན་ཤེས་རྟོགས་ཡོང་གི་ཡོད།
འོས་ཤོག་འཕེན་པའི་ཐབས་ལམ་སྟབས་བདེ་ཤོས་ནི་འོས་བསྡུའི་ཉིན་མོར་ཁྱེད་རང་ས་གནས་ཀྱི་འོས་ཤོག་འཕེན་སར་ཕེབས་རྒྱུ་དེ་རེད།

Election corflute signs are seen at the polling booth for the Werribee by-elections at Werribee in Melbourne. Source: AAP / DIEGO FEDELE/AAPIMAGE
འོས་བསྡུའི་ས་ཁུལ་དང་ AEC དྲ་ཚིགས་ཐོག་སྐད་ཡིག་སྣ་ཚོགས་ནང་འོས་ཤོག་འཕེན་སྟངས་སྐོར་འགྲེལ་བརྗོད་བྱས་ཡོད།
གལ་ཏེ་ཁྱེད་ལ་རོགས་རམ་དགོས་ན་ཁྱེད་ལ་མི་གཞན་ཞིག་མཉམ་དུ་འགྲོ་ཆོག འོས་ཤོག་འཕེན་པར་རོགས་རམ་གནང་མཁན་དང་སྐད་སྒྱུར་གྱི་ཞབས་ཞུ་ཡོད།
འོས་ཤོག་འཕེན་སྟངས་གཞན་པ།
འོས་བསྡུ་སྔོན་འགྲོའི་འགོ་འཛུགས་དེ་འོས་བསྡུའི་ཉིན་མོའི་སྔོན་གྱི་བདུན་ཕྲག་ཁ་ཤས་ནང་འགོ་བཙུགས་ཀྱི་ཡོད།
ཡང་ན་ཁྱེད་ཀྱིས་དྲ་ཐོག་ནས་ AEC ཡིག་ཚང་དུ་སྦྲག་ཁང་བརྒྱུད་འོས་ཤོག་འཕེན་ཆོག་པའི་རེ་འདུན་བཏོན་ཆོག
མངའ་སྡེའི་བར་དང་ཕྱི་རྒྱལ་དང་ལུང་པ་གཞན་ནས་འོས་ཤོག་འཕེན་སྟངས།
ཁྱེད་རང་མངའ་སྡེའི་གཞན་ལ་འགྲོ་རྒྱུའི་འཆར་གཞི་ཡོད་ནའང་དཀའ་ངལ་མེད། ཁྱེད་ཀྱིས་སྦྲག་ཐོག་ འོས་ཤོག་བེད་སྤྱོད་གཏོང་བའམ་ཡང་ན་མངའ་སྡེའི་འོས་ཤོག་ལྟེ་གནས་ལ་ཕེབས་ཆོག
ཁྱེད་རང་ཕྱི་རྒྱལ་དུ་ཡོད་ན་ཡང་འོས་ཤོག་ བརྒྱུད་ནས་འཕེན་ཐུབ། ཕྱི་རྒྱལ་གྱི་བརྡ་ཐོའི་ཡིག་ཆ་དེ་ཚོ་ AEC དྲ་ཚིགས་ཐོག་ཡོད་པ་དང་། ཁྱེད་རང་གི་གནས་སྟངས་ལ་གཞིགས་པའི་གདམ་ག་ཡང་ཡོད། ཨོ་སི་ཁྲུ་ལི་ཡའི་ཆེས་མཐོའི་ལྷན་ཁང་ཁ་ཤས་ཀྱིས་འོས་ཤོག་འཕེན་སའི་ལྟེ་གནས་མཁོ་སྤྲོད་བྱེད་ཀྱི་ཡོད།

A dog stands as voters cast their ballots at a polling station during a federal election in Sydney, Australia, on Saturday, May 18, 2019. Credit: Bloomberg/Bloomberg via Getty Images
འོས་མི་དྲིལ་བསྒྲགས་སོགས་ཡིག་ཆ་འགྲེམས་སྤེལ།
ཆབ་སྲིད་ཚོགས་པ་ཁག་དང་རང་དབང་ཅན་གྱི་ཚོགས་སྡེ་ཁག་གིས་འོས་ཤོག་འཕེན་སའི་ཕྱི་རོལ་དུ་དྲིལ་བསྒྲགས་ཡིག་ཆ་འདྲ་མིན་འགྲེམས་སྤེལ་བྱེད་བཞིན་ཡོད་པས་མི་མང་འོས་འཕེན་མཁན་ཚོས་དེ་ཚོར་མགོ་འཁོར་མི་རུང་ཞེས་འོས་བསྡུ་དབྱེ་ཞིབ་པ་ཝི་ལམ་བྷོ་ཝེ་ William Bowe ལགས་ཀྱིས་འགྲེལ་བརྗོད་གནང་འདུག
འོས་བསྡུའི་ཉིན་མོར་འོས་ཤོག་འཕེན་སའི་ས་གནས་སུ་ཆབ་སྲིད་ཚོགས་པ་ཁག་གིས་འོས་ཤོག་འཕེན་སྟངས་ཀྱི་ཤོག་བྱང་སྤྲོད་ཀྱི་ཡོད།
འོས་ཤོག་འཕངས།
ཁྱེད་ལ་འོས་ཤོག་ལྗང་ཁུ་གཅིག་དང་དཀར་པོ་གཅིག་ཡོད།
འོས་ཤོག་ལྗང་ཁུ།
འོས་ཤོག་ལྗང་ཁུ་དེ་ནི་ཁྱེད་རང་གི་གྲོས་ཚོགས་འོག་མའི་གྲོས་ཚོགས་འཐུས་མི་ཞིག་འདེམས་རྒྱུ་དེ་རེད།
འོས་བསྡུ་སྐབས་སུ་ཁྱེད་རང་ལ་འོས་ཤོག་ལྗང་ཁུ་ཞིག་དང་དཀར་པོ་ཞིག་བཅས་ཁྱོན་ཤོག་བུ་གཉིས་རག་གི་ཡོད་པ་རེད། ཤོག་གུ་སྔོན་པོ་དེ་གྲོས་ཚོགས་ཀྱི་འཐུས་མིའམ་ཡང་ན་གྲོས་ཚོགས་འོག་མའི་འཐུས་མི་ཞིག་འདེམས་རྒྱུ་དེ་རེད། གྲོས་ཚོགས་འོག་མ་ Lower House ལ་ད་ལྟའི་ཆར་རྐུབ་སྟེགས་ ༡༥༡ ཡོད་པ་རེད།
དུས་རྒྱུན་མི་མང་ཚོས་བསམས་པར་འོས་བསྡུ་སྐབས་རྒྱལ་ཡོངས་ཀྱི་འགོ་ཁྲིད་འདེམས་ཀྱི་ཡོད་པ་རེད་བསམས་ཀྱི་ཡོད་ཀྱང་། རྒྱལ་ཡོངས་ཀྱི་འགོ་ཁྲིད་དེ་ཆབ་སྲིད་ཚོགས་པ་སུ་ཞིག་ལ་རྐུབ་སྟེགས་མང་བ་རག་མིན་ལ་རག་ལས་ཡོད་པ་རེད། ཁྱེད་རང་གིས་འགོ་ཁྲིད་དེ་ཁ་ཐུག་འདེམས་རྒྱུ་ཡོད་པ་ཞིག་མ་རེད།
གྲོས་ཚོགས་འོག་མ་ལས་གཞུང་འཛིན་ཆགས་ཀྱི་ཡོད་པ་དང་། གྲོས་ཚོགས་འོག་མའི་ནང་ཆབ་སྲིད་ཚོགས་པ་སུ་ཞིག་ལ་རྐུབ་སྟེགས་མང་བ་ཐོབ་ཡོད་ཚེ་དེས་གཞུང་འཛིན་གྱི་ཡོད་པ་དང་། གཞུང་འཛིན་ཆབ་སྲིད་ཚོགས་པ་དེའི་འགོ་ཁྲིད་དེ་ཨོ་སི་ཁྲུ་ལི་ཡའི་སྲིད་བློན་ཆགས་ཀྱི་ཡོད་པ་རེད།
འོས་ཤོག་དཀར་པོ།
འོས་ཤོག་དཀར་པོ་དེ་ནི་གྲོས་ཚོགས་གོང་མའི་ཚོགས་མི་ ༧༦ ཡོད་པས་ཁྱེད་རང་གིསའཐུས་མི་གཅིག་འདེམས་རྒྱུ་དེ་རེད། ཁྱེད་རང་གིས་ཁྱེད་རང་གི་མངའ་སྡེ་དང་མངའ་ཁོངས་ནས་གྲོས་ཚོགས་གོང་མའི་ཚོགས་མི་ཞིག་འདེམས་བསྐོ་བྱེད་པར་འོས་ཤོག་འཕེན་དགོས་ཀྱི་ཡོད།

A ballot box is seen inside the voting centre at Collingwood in Melbourne, Saturday, October 14, 2023. Credit: CON CHRONIS/AAPIMAGE
ལུགས་མཐུན་མིན་པའི་འོས་ཤོག་འཕངས་བ།
ཁྱེད་རང་གིས་འོས་ཤོག་བླུག་སྟངས་འགྲེལ་བརྗོད་ལྟར་གཟབ་ནན་བྱེད་དགོས། གལ་སྲིད་ཁྱེད་རང་གི་འོས་ཤོག་དེ་ཆ་མ་ཚང་བ་དང་ནོར་འཁྲུལ་ཆགས་ཚེ་འོས་ཤོག་གི་གྲངས་ཀའི་ནང་བརྩིས་འགྲོ་བཞིན་ཡོད་པ་རེད།
གལ་སྲིད་མི་སུ་ཞིག་གིས་འོས་ཤོག་མ་འཕེན་ཚེ་མི་དེ་ལ་འོས་ཤོག་འཕེན་མེད་པའི་བརྡ་ཐོ་འབྱོར་གྱི་ཡོད། གལ་སྲིད་ཁྱེད་རང་ལ་གསལ་བཤད་ཚད་ལྡན་མེད་ཚེ་ཆད་པ་ཕོག་སྲིད་ཀྱི་ཡོད། ཆད་པ་སྒོར་མོ་ ༢༠ སྤྲད་དགོས་ཀྱི་ཡོད། འོས་ཤོག་འཕེན་མེད་པའི་བརྡ་ཐོ་དེར་ལན་འདེབས་ཡང་མ་བྱས་ཚེ་ཆད་པ་སྒོར་མོ་ ༡༧༠ མན་དང་ད་དུང་ཁྲིམས་ཁང་གི་གླ་ཆ་ཡང་སྤྲད་དགོས་འཁེལ་སྲིད།
འོས་ཤོག་འཕེན་སྟངས་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དྲ་ཚིགས་ དང་ཡང་ན་ཁ་པར་ཨང་གྲངས་ 13 23 26 ཐོག་འབྲེལ་བ་གནང་ཆོག