ཨོ་སི་ཁྲུ་ལི་ཡའི་ནང་ཀོ་ཕི་ Coffee འཐུང་བའི་གོམས་སྲོལ།

COFFEE_AusExpl_Social_1080x1350_LongLeftAligned_Orange.png

ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀོ་ཕི་ Coffee ལ་ཤིན་ཏུ་དགའ་པོ་ཡོད་པ་དང་གྲོང་ཁྱེར་མེལ་བྷོན་ནི་འཛམ་གླིང་གི་ཀོ་ཕི་ཡི་རྒྱལ་ས་ཞེས་འབོད་ཀྱི་ཡོད། ཀོ་ཕི་མངགས་ཉོ་དང་ཀོ་ཕི་འཐུང་བ་ནི་དོན་དག་གལ་ཆེན་ཡིན། ཨོ་སི་ཁྲུ་ལི་ཡའི་ནང་མི་མང་བརྒྱ་ཆ་ ༧༥ ཙམ་གྱིས་ཉིན་ལྟར་ཀོ་ཕི་འཐུང་བཞིན་ཡོད། ཀོ་ཕི་འཐུང་སྐབས་སེམས་པ་སྤྲོ་བའི་ཁེངས་བཞིན་ཡོད།


ཀོ་ཕི་འཐུང་ས་མི་ཁག་ཅིག་ལ་བཅར་འདྲི་བྱས་སྐབས། ཀོ་ཕི་འཐུང་བཞིན་པའི་མི་ཞིག་གིས་ངས་ཁ་་ཆེའི་སྨྱུང་གནས་སྐབས་སུ་མ་གཏོགས་ཉིན་རེ་ཀོ་ཕི་རེ་འཐུང་བཞིན་ཡོད་ཅེས་དང་། ཡང་གཞན་ཞིག་གིས་ངས་ཉིན་རེར་ཀོ་ཕི་ཐེངས་ ༣ ཙམ་འཐུང་བཞིན་ཡོད།  གཞན་དག་ཚོས་ཉིན་རེ་ཀོ་ཕི་ཐེངས་ ༥ དང་། ཉུང་མཐར་ཐེངས་བཞི། ཕོར་པ་གཉིས། ཐེངས་ ༨ ཙམ་འཐུང་བཞིན་ཡོད་པ་མི་སོ་སོས་འགྲེལ་བརྗོད་གནང་འདུག

ཀོ་ཕི་ནི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཨ་རིའི་ནང་དུ་ཀོ་ཕི་བཙགས་ཏེ་འཐུང་རྒྱུ་དར་སྲོལ་ཆེ་ན་ཡང་། ཨོ་སི་ཁྲུ་ལི་ཡའི་མི་རྣམས་ཀྱིས་ཀོ་ཕི་འཐུང་སྐབས་དེའི་ནང་ནས་བྲོ་བ་ཆེས་ལེགས་པའི་ཆ་དེ་རག་ཐབས་བྱེད་ཀྱི་ཡོད།

ལའེ་ Lily Fairhall ལགས་ཀྱིས་གྲོང་ཁྱེར་མེལ་བྷོན་ནང་དམིགས་བསལ་ཀོ་ཕི་ཇ་ཁང་ཞིག་སྒོ་ཕྱེས་ཡོད།

ཁོ་མོས་སྟབས་ལེགས་པ་ཞིག་ལ་ང་ཚོའི་ས་གནས་འདིར་ཡོ་རོབ་ནུབ་ཕྱོགས་ནས་གཞིས་སྤོ་བ་མང་པོ་ཞིག་ཡོད་པ་རེད། དེར་བརྟེན་ནས་ཨོ་སི་ཁྲུ་ལི་ཡའི་ནང་ Espresso འཕྲུལ་ཆས་ནང་ནས་བཙགས་པའི་ཀོ་ཕི་འཐུང་མཁན་ཤིན་ཏུང་མང་པོ་ཡོད། Espresso ཡི་ཀོ་ཕི་འཐུང་མཁན་མང་པོ་ཡོད་དུས་ང་ཚོས་ལོ་ནས་ལོ་ཀོ་ཕི་བཟོ་བྱེད་སྲན་མའི་རྒྱུ་སྤུས་གང་ཡག་ཡག་མཁོ་སྒྲུབ་བྱེད་བཞིན་ཡོད། ཀོ་ཕི་བཟོ་བྱེད་ཀྱི་སྲན་མ་འཛམ་གླིང་གི་ས་ཕྱོགས་གང་ས་ནས་མངག་ཉོ་བྱེད་བཞིན་ཡོད་ཅེས་གསུངས་འདུག

ཀོ་ཕི་དེ་ནི་ཨེ་སི་ཕེ་ Espresso ཁོ་ཧྥེ་བཟོ་སྐྲུན་བྱེད་སྤྱད་ཀྱི་འཕྲུལ་ཆས་ལས་མགོ་བརྩམས་ཤིང་། འཕྲུལ་ཆས་དེས་ཤུགས་ཆེན་པོ་གཙིར་ནས་ཀོ་ཕི་ཡི་ཁུ་བའམ་ཨེ་སི་ཕེ་ཁོ་ཧྥེ་བཟོ་སྐྲུན་བྱེད་ཀྱི་ཡོད།

ལག་རྩལ་ལྡན་པའི་ཀོ་ཕི་བཟོ་མཁན་གྱིས་ཞིབ་ཚགས་ངང་ནས་ཀོ་ཕི་ཡི་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་ཀོ་ཕི་འཐུང་མཁན་མི་ཚང་མའི་འདོད་བློ་དང་འཚམ་པའི་ཀོ་ཕི་ཡི་རིགས་སྣ་ཚོགས་བཟོ་བཞིན་ཡོད་པ་རེད།

Map Coffee ཡི་སྦྱིན་བདག་དང་ཀོ་ཕི་བཟོ་མཁན་ཆེད་ལས་པ་སཱན་ཏོ་བྷུ་ཆར་རེ་ Santo Buccheri ལགས་ཀྱིས་ཨེ་སི་ཕི་ espresso ཀོ་ཕི་དང་ཡང་ན་ཀོ་ཕི་ནག་པོ་ནི་ཀོ་ཕི་ཚང་མའི་གཞི་རྩ་ལྟར་བུ་ཞིག་རེད། དེའི་ཐོག་ནས་ཀོ་ཕི་ཡི་བྲོ་བ་ངོ་མ་དེ་གང་འདྲ་ཡིན་མིན་ཤེས་ཀྱི་ཡོད་པ་དང་། ཚན་རིག་གི་ཐོག་ནས་ཀྱང་དེ་འདྲ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག

རི་སི་ཐེ་རོ་ Ristretto ཡིས་ཀོ་ཕི་ནི་ཨི་སེ་ཕི་ espresso ཀོ་ཕི་ལས་ལྷག་པའི་བྲོ་བ་སྦྱིན་ཐུབ་ཀྱི་ཡོད། རྒྱུ་མཚན་ནི་དེའི་ནང་དུ་ཁུ་བ་ཧ་ཅང་འབབ་རྒྱུ་ཡོད་པས་རེད། སྤྱིར་ཨེ་སི་ཕེ་ཁོ་ཧྥེ་ཞེས་པ་ནི་ཐེངས་གཅིག་རང་ལས་སྤྱོད་ཀྱི་མེད་ཀྱང་། མཚམས་རེར་ཇ་ཁང་ཚོས་ཐེངས་གཉིས་ལ་སྤྱོད་མཁན་ཡོད་པས་དོག་ཟོན་བྱེད་དགོས།

ང་ཚོའི་ཀོ་ཕི་མང་ཆེ་བར་དཀར་པོ་དང་ནག་པོ་གཉིས་སུ་དབྱེ་བ་ཕྱེ་བ་བཞིན་ཡོད་ཀྱང་། ཀོ་ཕི་མང་པོ་ཞིག་ལ་དབྱི་ཊ་ལིའི་མིང་ཡང་ཡོད་པ་རེད།

ཡང་ཀོ་ཕི་འཐུང་མཁན་ཁག་ཅིག་གིས་ང་རང་ཀོ་ཕི་ནང་ Cappuccino དང་མཉམ་དུ་བྱེ་མ་ཀ་ར་གཉིས་་དགོས་ཞེས་མངག་གི་ཡོད་ཅེས་དང་། གཞན་བུད་མེད་ཅིག་གིས་བདུན་ཕྲག་གཉིས་རིང་ལ་ཞོགས་ཇ་ལ་ཀོ་ཕི་ནག་པོ་འཐུང་བ་ཡིན། དེ་ནས་ཆུ་ཚོད་ ༡༡ ནས་ ༡༢ བར་ལ་ཀོ་ཕི་ Cappuccino རེ་འཐུང་བ་ཡིན་ཞེས་འགྲེལ་བརྗོད་དང་། ཀོ་ཕི་འཐུང་བཞིན་པའི་མི་གཞན་ཞིག་གིས་ངས་ཉིན་རེར་མང་ཤོས་ལ་ཀོ་ཕི་ནག་པོ་ ༤ རེ་དང་ Latte རེར་འཐུང་བཞིན་ཡོད་ཅེས་གསུངས་འདུག

ཀོ་ཕི་ནག་པོ་ནི་འོ་མ་མ་བླུག་པར་བཟོ་བཞིན་ཡོད་པ་རེད།

Share