ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་དུས་ཚོད་དངོས་གཞི་ལས་སྔོན་ནས་འགོ་འཛུགས་བྱ་རྒྱུ་རེད་འདུག

Election

Source: AFP

སྤྱིར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུའི་དུས་ཚོད་དངོས་དེ་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་འཁེལ་གྱི་ཡོད་ཀྱང་། རྒྱལ་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་ཀྱི་ཡོད་པས་རྐྱེན་གྱིས་ཨོ་སི་ཊོ་ལིའི་འོས་བསྡུ་ལྷན་ཁང་གིས་འོས་བསྡུ་དེ་ཉིན་གྲངས་འགའ་ཤས་སྔོན་ནས་འགོ་འཛུགས་བྱ་རྒྱུ་ཡིན་འདུག


ལོ་ན་ ༨༣ ཡིན་པའི་རྒན་ཁོག་ Barbara Macgregor ལགས་ནི་རྒན་གསོ་ཁང་ནང་གནས་སྡོད་བྱེད་མཁན་ཞིག་ཡིན་ཞིང་། ཁོ་མོས་ད་བར་འོས་ཤོག་བླུག་པ་འགྲོ་བར་ཐེངས་གཅིག་ཀྱང་ཆད་མྱོངས་མེད། འོན་ཀྱང་འདི་ལོར་སྦྲག་ཐོག་ནས་འོས་ཤོག་བླུག་ཆོག་པ་བཟོས་པ་དེས་ཁོ་མོའི་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་རེད། ཁོ་མོས་ང་རང་ལོ་ན་ ༢༡ ཟིན་པ་ནས་བཟུང་ད་བར་ངའི་མི་ཚེའི་ནང་རྟགས་པར་འོས་ཤོག་བླུག་པར་འགྲོ་གི་ཡོད། འོན་ཀྱང་ད་ཐེངས་འོས་ཤོག་དེ་བཞིན་སྦྲག་ཐོག་ནས་བླུག་ཆོག་པར་བཟོས་པ་དེས་ང་རང་ཕྱི་ལོགས་ལ་འོས་ཤོག་བླུག་པར་འགྲོ་ཐུབ་ས་མ་རེད་ཅེས་གསུངས་འདུག

 འོས་བསྡུའི་ཉིན་མོར་མི་མང་སྡོད་གནས་ས་ཁུལ་ཁག་ཅིག་ལ་འོས་བསྡུ་ལྷན་ཁང་གི་ལས་བྱེད་ས་གནས་ལ་འགྲོ་ནས་ཉིན་དེར་འོས་བསྡུ་བྱ་རྒྱུ་ཡིན་འདུག་པ་དང་། གཞན་དག་ལྕམ་ Macgregor's ལྟར་བུར་རྒན་གསོ་ཁང་ཁག་གི་ནང་འོས་བསྡུ་སྔོན་ལ་བྱ་རྒྱུར་རོགས་རམ་གནང་གིན་ཡོད་འདུག སིཌ་ནིང་ནང་རྒན་གསོ་ཁང་གི་ལས་བྱེད་ཚོས་རྒན་གསོ་ཁང་ཁག་ནས་འོས་ཤོག་སྦྲག་ཐོག་ལ་བསྐུར་ཆོག་པའི་སྙན་ཞུ་ཕུལ་ཡོད་འདུག

ལྕམ་ Macgregor ལགས་སྤྱིར་འོས་ཤོག་བླུག་པར་ཡུལ་དངོས་ལ་འགྲོ་ཐུབ་ཀྱི་མེད་ན་ཡང་བསམ་འཆར་མེད་སྐོར་གསུངས་འདུག

ཁོ་མོས་གལ་སྲིད་མི་ཚོས་སྦྲག་ཐོག་ནས་འོས་ཤོག་བླུག་ཐུབ་ཀྱི་ཡོད་ཚེ། དེ་ནི་མི་ཚང་མ་ལ་སྟབས་བདེ་དང་འོས་བསྡུ་དྲང་བདེན་ཆགས་ཀྱི་རེད་བསམས་ཀྱི་འདུགཅེས་གསུངས་འདུག

སྤྱིར་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་འོས་བསྡུ་དེ་བཞིན་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་ཡིན་ཡང་། འོས་ཤོག་སྔོན་ལ་བླུག་མཁན་ཚོས་ཕྱི་ཟླ་ ༥ ཚེས་ ༩ ནས་འགོ་འཛུགས་གནང་ཆོག་གི་ཡོད་འདུག

ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གི་མགྲིན་ཚབ་པ་ Evan Ekin-Smyth [[smith]] ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གིས་ངོས་ནས་ད་ལྟ་ནས་མི་མང་ཚོས་ལ་འོས་འཕེན་གྲ་སྒྲིག་གནང་དགོས་པའི་སྐུལ་འདེད་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ཁོང་གིས་འོས་བསྡུ་སྐབས་ཁྱེད་རང་གི་དུས་ཚོད་སོགས་ཀྱི་གནས་སྟངས་ལ་བལྟ་དགོས་པ་དང་། འོས་འཕེན་འཆར་གཞི་བཟོ་དགོས། དེ་བཞིན་འོས་བསྡུ་བྱེད་སར་སྤྱི་སྟངས་ག་རེ་ག་རེ་བྱེད་ཀྱི་ཡོད་མེད་བལྟ་དགོས་པ་རེད། ང་ཚོས་ངོ་སྤྲོད་གསལ་བཤད་མང་པོ་ཞིག་གྲ་སྒྲིག་བྱས་ཡོད། མ་ཚད་ང་ཚོས་དུག་སེལ་བྱེད་མཁན་ལས་བྱེད་དང་ཡོ་ཆས་གྲ་སྒྲིག་བྱས་ཡོད་ཅེས་གསུངས་འདུག

འོས་བསྡུ་ཉིན་མོར་ཏོག་དབྱིབས་ན་ཚ་འགོས་ཁྱབ་ལ་ཞེད་སྣང་སོགས་གནས་སྟངས་མང་པོ་ཞིག་གིས་རྐྱེན་པས་འོས་ཤོག་དུས་ཚོས་སྔོན་ནས་བླུག་ཆོག་གི་ཡོད་པ་རེད།

ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གིས་དངོས་གཞིའི་འོས་བསྡུ་མ་བྱས་སྔོན་བདུན་ཕྲག་གཉིས་གོང་ནས་འོས་ཤོག་སྔོན་ལ་བླུག་མཁན་ཚོའི་ཆེད་དུ་རྒྱལ་ཡོངས་སུ་འོས་བསྡུའི་ས་ཚིགས་ཁག་ ༥༠༠ ཙམ་གྲ་སྒྲིག་བྱས་ཡོད་འདུག

དེ་བཞིན་འོས་ཤོག་སྔོན་ལ་བླུག་མཁན་ཚོས་འོས་བསྡུ་དངོས་སུ་མ་བྱས་པའི་ཉིན་གཅིག་གི་སྔོན་ཏེ་རེས་གཟའ་ལྷག་པའི་ཉིན་མོ་བར་སྦྲག་ཐོག་ནས་འོས་ཤོག་བསྐུར་ནའང་འགྲིག་གི་ཡོད་འདུག

སྦྲག་ཐོག་ནས་བཏང་བ་རྣམས་འོས་བསྡུ་ལྷན་ཁང་ལ་འབྱོར་བར་འོས་བསྡུ་ཚར་ནས་ད་དུང་དུས་ཡུན་ཉིན་གྲངས་ ༡༣ རིང་བཞག་ཡོད་འདུག ཨ་རིའི་དང་མི་འདྲ་བར་ཨོ་སི་ཊོ་ལི་ཡར་དྲ་ཐོག་ནས་འོས་བསྡུ་བྱེད་ས་བཟོས་མེད་པ་རེད་འདུག

ཨོ་སི་ཊོ་ལི་ཡའི་ནང་ད་ལྟའི་ཆར་ཏོག་དབྱིབས་ན་ཚ་མུ་མཐུད་ཁྱབ་བཞིན་ཡོད་པས་རྐྱེན་གྱིས་ཏོག་དབྱིབས་ན་ཚ་ཕོག་མཁན་རྣམས་ལ་ཉིན་མཐའ་མའི་ནང་འོས་ཤོག་བླུག་ཐུབ་ཆེད་འཆར་གཞི་དེ་བཟོས་པ་ཞིག་ཡིན་འདུག

གལ་སྲིད་ཁྱེད་རང་འོས་བསྡུའི་ཉིན་མོ་དང་ཡང་ན་འོས་བསྡུ་མ་བྱས་པའི་ཉིན་ ༢ སྔོན་ལ་ཏོག་དབྱིབས་ན་ཚ་འགོས་པའམ་ཏོག་དབྱིབས་ན་ཚ་འགོས་མཁན་དང་ཐག་ཉེ་འབྲེལ་འདྲིས་བྱུང་ཚེ་ཁྱེད་རང་གིས་འོས་ཤོག་རྗེས་མར་ཁ་པར་ཐོག་ནས་བླུག་ཆོག་གི་ཡོད་འདུག་

སྐུ་ཞབས་ Mr Ekin-Smyth ལགས་ཀྱིས་ཐབས་ལམ་འདི་ནི་ཛ་དྲག་གཅིག་པུའི་ཆེད་དུ་ཡིན་སྐོར་བརྗོད་འདུག 

  ང་ཚོས་ཨོ་སི་ཊོ་ལི་ཡའི་མི་རྣམས་ལ་གལ་སྲིད་ཁྱེད་རང་ཁ་པར་ཐོག་ནས་འོག་ཤོག་བླུག་རྒྱུའི་ཐོབ་ཐང་ཡོད་ཚེ་དེ་གལ་ཆེན་པོ་ཡིན་སྐོར་ནན་སྐུལ་བྱེད་བཞིན་ཡོད། དེ་ནི་ཛ་དྲག་གཅིག་པུའི་ཆེད་དུ་རེད། ཁ་པར་ཐོག་ནས་འོས་ཤོག་བླུག་མཁན་མང་པོ་ཞིག་བང་སྒྲིག་ནས་སྒུག་དགོས་ཀྱི་ཡོད་པས་འོས་བསྡུ་བྱེད་ས་དངོས་སུ་ལ་སྒུག་པ་ལས་དུས་ཚོད་མང་བ་འགོར་ངེས་རེད། གལ་སྲིད་མི་ཚོས་འདི་ནི་སྟབས་བདེ་ཤོས་དེ་རེད་བསམས་ན་ཁ་པར་གཏོང་རོགས་ཞེས་གསུངས་འདུག

ཨོ་སི་ཊོ་ལི་ཡའི་འོས་བསྡུ་ཉིན་མོར་ཁྱིམ་ཚང་ས་ཡ་ ༡༠་༥ ལ་ལམ་སྟོན་གསལ་བཤད་ཡི་གེ་བསྐུར་གྱི་ཡོད་ཅིང་། སྨྱུ་གུ་གྲངས་ས་ཡ་ ༤་༥ བགྲོ་འགྲེམས་དང་། ལག་པར་དུག་སེལ་ལི་ཊར་ ༦༥༠༠༠ མངག་ཉོ་བྱས་ཡོད་འདུག

དེ་སྔོན་འོས་བསྡུ་ཁག་གི་ནང་སྦྲག་ཐོག་ནས་གཏོང་མཁན་གྱི་འོས་ཤོག་གྲངས་བརྒྱ་ཆ་ ༨ ཙམ་ལས་ཟིན་མེད་ཀྱང་། འདི་ལོར་སྦྲག་ཐོག་ལ་གཏོང་མཁན་གྱི་འོས་ཤོག་གྲངས་འབོར་དེ་སྔོན་ལས་མང་བ་ཆགས་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

འོས་བསྡུ་ལྷན་ཁང་གིས་ཁོང་ཚོས་སྦྲག་ཐོག་འོས་ཤོག་ལ་དོ་ཉན་བྱེད་བཞིན་ཡོད་ཀྱང་ད་དུང་འོས་ཤོག་གི་གྲངས་བཤེར་གྱི་ཉིན་མཐའ་མའི་བར་ཕྱིར་འགྱང་ཤོར་སྲིད་སྐོར་བརྗོད་འདུག

ལུང་པ་དང་རྒྱལ་ཁབ་གཞན་པའིི་ནང་གནས་སྡོད་བྱས་ཡོད་པའི་ཨོ་སི་ཊོ་ལི་ཡའི་མི་སེར་རྣམས་ཀྱི་ཆེད་དུ་ཡང་འོས་བསྡུ་གྲ་སྒྲིག་བྱས་ཡོད་འདུག

ཨོ་སི་ཊོ་ལི་ཡའི་འོས་བསྡུ་ལྷན་ཁང་གིས་ཨེ་ཤེ་ཡ་ཁུལ་དང་། བྱང་ཨ་མི་རི་ཁ། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ས་གནས་ཁག་ ༡༩ ལ་དངོས་སུ་འོས་ཤོག་བླུག་སའི་ས་གནས་སུ་འོས་བསྡུའི་ས་ཚིགས་གོ་སྒྲིག་བྱས་ཡོད་པའི་ས་གནས་ཁག་གི་མིང་གཞུང་ཞིག་བཀྲམས་འདུག

Rose Dearinger ལགས་ནི་ན་ནིང་ཕྱི་ཟླ་ ༡༠ པ་ནས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གནས་སྡོད་བྱས་ཡོད། ཁོ་མོས་ད་ཐེངས་ས་གནས་དེ་ག་རང་ནས་དངོས་སུ་འོས་ཤོག་བླུག་ཐུབ་ཀྱི་ཡོད་པས་དགའ་ཚོར་ཆེན་པོ་བྱུང་སྐོར་བརྗོད་འདུག

ཁོ་མོས་ང་རང་ལོ་ཆུང་ཆུང་ཡིན་པས་འགྲུལ་བཞུད་བྱེད་རྒྱུ་དགའ་པོ་ཡོད། འཛམ་གླིང་ས་གནས་གང་སར་ལྟད་མོ་བལྟ་འདོད་འདུག ཡིན་ན་ཡང་དེས་སོ་སོའི་ལུང་པར་ག་རེ་ཆགས་རུང་ཇུས་ཏོག་མེད་པ་མཚོན་གྱི་མེད། ང་རང་ཆབ་སྲིད་ལ་དོ་སྣང་ཆེན་པོ་ཡོད། མཐོ་སློབ་ནང་ཆབ་སྲིད་སྐོར་སློབ་སྦྱོང་བྱས་པ་ཡིན་ཞེས་གསུངས་འདུག

Barbara Macgregor ལགས་ཀྱིས་ཨོ་སི་ཊོ་ལི་ཡའི་འོས་ཤོག་འཕེན་ཆོག་པའི་མི་ཚང་ལ་རེ་སྐུལ་ཞིག་ཞུས་འདུག

 ངའི་བསམས་པར་འོས་བསྡུ་དེ་མི་ཚང་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཁྱེད་རང་འོས་ཤོག་མ་བླུག་ཚེ་གཞུང་འོས་ཤིང་འཚམ་པ་ཞིག་སླེབས་མི་ཐུབ། འོས་ཤོག་འཕེན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་ལྷག་པར་དུ་བུད་མེད་ཚོས་དེའི་ཐད་འཐབ་རྩོད་ཆེན་པོ་བྱེད་བཞིན་ཡོད་པའི་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་འདུག

རང་དབང་འཐབ་རྩོད་དང་ལས་འགན་སྒྲུབ་རྒྱུ་གཉིས་ནི་ལས་སླ་མོ་ཞིག་མིན་པ་དང་། ཚོད་དཔག་བྱས་ན་འདི་ལོར་ཨོ་སི་ཊོ་ལི་ཡའི་མི་མང་ས་ཡ་ ༡༧ ཙམ་གྱིས་འོས་ཤོག་འཕེན་རྒྱུ་ཡིན་པ་རེད།


Share