གཙོ་དོན།
- ལྡོག་རླབས་ནི་ཨོ་སི་ཊོ་ལི་ཡའི་མཚོ་འགྲམ་གྱི་ཉེན་ཁ་ཆེ་ཤོས་དེ་ཡིན།
- མཚོ་འགྲམ་ལ་རྟགས་དམར་པོ་དང་སེར་པོ་བརྒྱབ་ཡོད་པའི་ནང་ཚུད་ནི་བདེ་འཇགས་ཆེ་ཤོས་དེ་ཡིན།
- ཨོ་སི་ཊོ་ལི་ཡ་ནི་སྲིན་ཉ་མཚོ་འགྲམ་ནས་ཕར་དཀྲོགས་པའི་ཐབས་བྱུས་ཤུགས་ཆེན་བྱེད་མཁན་གྱི་གྲས་ཤིག་ཡིན།
- སྲིན་ཉ་ལ་གཡོལ་ཐབས་སུ་ང་ཚོར་ལག་ཆ་མང་པོ་ཡོད་པ་རེད།
ཞཱན་ཌའོ་ (Shane Daw) ནི་ཨོ་སི་ཊོ་ལི་ཡའི་མཚོ་མཐའི་བདེ་འཇགས་ཚན་པའི་སྤྱི་གཉེར་བ་ཡིན་པ་དང་། ཚན་པ་འདིས་འདས་པའི་ལོ་གཅིག་གི་ནང་མཚོ་འགྲམ་གྱི་མྱུར་སྐྱོབ་ཐེངས་ཁྲི་གཅིག་བྱས་ཡོད་པའི་ཁྲོད་ནས་དོན་རྐྱེན་མང་པོ་ཞིག་ནི་ཉེན་ཁ་དེ་མ་ཤེས་པ་ལ་བརྟེན་ནས་བྱུང་ཡོད་འདུག
ཡང་ཁོང་གིས། ལྡོག་རླབས་སམ་མཚོ་འགྲམ་ནས་ཕྱིར་རྒྱ་མཚོ་ནང་ལ་འགྲོ་བའི་ཆུ་ནི་མཚོ་འགྲམ་གྱི་ཉེན་ཁ་ཆེ་ཤོས་དེ་ཡིན། དེ་བས་རྒྱ་མཚོ་ནང་ནས་ཤི་རྐྱེན་བྱུང་བའི་བཞི་ཆའི་གཅིག་དེ་ལ་བརྟེན་བྱུང་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།
ན་ནིང་མཚོ་འགྲམ་ནས་ཆུ་ནང་ལ་ནུབ་ནས་ཤི་སྐྱོན་བྱུང་བ་གྲངས་ ༡༤༡ བྱུང་ཡོད་པ་དང་། དེའི་ནང་གི་མི་གྲངས་ ༣༦ ནི་མཚོ་རླབས་ཀྱིས་འཁྱེར་ནས་ཤི་སྐྱོན་བྱུང་བ་ཞིག་ཡིན་པ་རེད།ཨོ་སི་ཊོ་ལི་ཡའི་མཚོ་མཐའི་བདེ་འཇགས་ཚན་པའི་སྤྱི་གཉེར་བ་ཞཱན་ཌའོ་ (Shane Daw)།

ཐད་འཕུར་གནམ་གྲུ་ནས་མར་མཐོང་བའི་བོན་ཌི་མཚོ་འགྲམ་ (Bondi Beach) གྱི་ལྡོག་རླབས། Source: Moment RF / Brendan Maher/Getty Images
ཅིའི་ཕྱིར་ལྡོག་རླབས་ཉེན་ཁ་ཆེན་པོ་ཡིན་པ་རེད་དམ།
མཚོ་འགྲམ་ནས་ཕྱིར་རྒྱ་མཚོ་ནང་ལ་འགྲོ་བའི་རྦ་རླབས་སམ་ལྡོག་རྦབས་ཀྱིས་ཁྱེད་རང་མཚོ་འགྲམ་ནས་རྒྱ་མཚོ་ནང་དུ་ཕར་འཁྱེར་བས་སྲོག་ལ་ཉེན་ཁ་ཡོད་པའི་རྦ་རླབས་ཤིག་ཡིན།
དེ་ནི་ངོས་འཛིན་བྱེད་མི་ཐུབ་པའི་རྦ་རླབས་ཤིག་ཡིན།
གལ་སྲིད། མཚོ་རླབས་ཀྱི་ནང་ནས་ལྦུ་བ་དཀར་ཆིལ་ལེ་ཡོང་གི་ཡོད་ན་དེ་ནི་མཚོ་རླབས་ཚུར་ཡོད་གི་ཡོད་པའི་རྟགས་ཡིན་པ་དང་། ལྦུ་བ་དཀར་པོ་མཐོང་རྒྱུ་མེད་ན་ཆུ་ཕྱིར་རྒྱ་མཚོ་ནང་ལ་ལོག་འགྲོ་བཞིན་ཡོད་པའི་རྟགས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ལ་བརྟེན་ནས་དེ་ལ་རྦ་རླབས་མེད་པ་རེད།
གལ་སྲིད་ཁྱེད་རང་མཚོ་རླབས་དེའི་ནང་ལྷུང་ཚེ། ངེས་པར་དུ་སེམས་ལ་འཛིན་དགོས་པ་ཁག་ཅིག
- སེམས་འཚབ་མི་བྱེད་པར་རང་ཉིད་ཀྱི་ལུས་ཤུགས་གསོག་ནས་འཇོག་དགོས།
- ལག་པ་ཡར་བཀྱགས་ནས་སྐད་ཤུགས་ཆེན་པོས་རོགས་འབོད་བྱེད་དགོས།
- མཚོ་ཁ་ནས་ལུས་པོ་གཡེང་ཐབས་བྱེད་དགོས་ཤིང་། དེ་ཡིས་ཁྱེད་རང་རིམ་བཞིན་མཚོ་མཐའ་ལ་འཁྱེར་ནས་འགྲོ་སྲིད།
- གཞན་མཚོ་ཁ་ནས་འཕྲེད་ལ་བརྐྱལ་དགོས། དེ་མིན་ལྡོག་རླབས་ནང་ནས་ཕྱི་ལོགས་ལ་འཐོན་ཐབས་བྱེད་དགོས།
གང་དུ་བདེ་འཇགས་ཡིན་ན་དེ་རུ་ཆུ་རྐྱལ་དགོས་པ་གལ་ཆེན་ཡིན།
རྟགས་དམར་པོ་དང་སེར་པོའི་ནང་ཚུད་དུ་ཆུ་རྐྱལ་དགོས།
འདས་པའི་ཟླ་བཅུ་གཉིས་ཀྱི་ནང་། མཚོ་ནང་ལ་ནུབ་ནས་ཤི་རྐྱེན་བྱུང་བ་བརྒྱ་ཆའི་ ༧༦ ཙམ་སྐོར་གཡེང་བྱེད་ས་ནས་སྤྱི་ལེ་གཅིག་ཙམ་གྱི་ཕར་ཕྱོགས་ཡིན།
རང་ཉིད་ཀྱི་ཆུ་རྐྱལ་རྩལ་གྱི་གནས་སྟངས་དང་། རྟགས་དམར་པོ་དང་སེར་པོ་ཡོད་པའི་སར་ཆུ་ལ་རྐྱལ་རྒྱུ་གལ་ཆེན་རེད། རྟགས་དམར་པོ་དང་སེར་པོ་ཡིས་གང་དུ་ཆུ་ལ་རྐྱལ་ན་བདེ་འཇགས་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།

Untuk keselamatan Anda, dianjurkan untuk berenang di antara rambu-rambu peringatan keamanan di pantai Credit: Lee Hulsman/Getty Images
སྐོར་གཡེང་བའི་ལྟ་རྟོག་འོག་ཡོད་པའི་མཚོ་འགྲམ་བཙལ་ཐབས་ཡག་ཤོས་ནི་ beachsafe.org.au དྲ་ཐོག་ལ་སོང་ནས་འཚོལ་རྒྱུ་དེ་རེད། མཉེན་ཆས་དེ་ནི་སྐད་ཡིག་འདྲ་མིན་བརྒྱ་ལྷག་གི་ནང་ཡོད་པ་རེད།
མཚོ་འགྲམ་དུ་སྲིན་ཉ་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་ནམ།
ནམ་རྒྱུན་སྲིན་ཉས་སོ་བརྒྱབ་པའི་རྐྱེན་ཉུང་བ་རེད།
ཨོ་སི་ཊོ་ལི་ཡ་ནི་འཛམ་གླིང་ནང་སྲིན་ཉས་མི་ལ་སོ་བརྒྱབ་པའི་དོན་མང་ཤོས་གཉིས་པ་དེ་ཆགས་ཡོད་པ་རེད། དང་པོ་ཨ་རི་ཡིན། འདས་པའི་ལོ་བཅུའི་ནང་ཨོ་སི་ཊོ་ལི་ཡའི་ནང་ལོ་རེར་དོན་རྐྱེན་ ༢༢ ཙམ་རེ་བྱུང་ཡོད་པ་རེད།
སྟབས་ལེགས་པ་ཞིག་ལ་ཨོ་སི་ཊོ་ལི་ཡའི་ནང་གི་དོན་རྐྱེན་དེ་དག་གི་ཁྲོད་ནས་ཆ་སྙོམས་ཀྱི་ལོ་རེ་མི་རེ་ལས་ཤི་སྐྱོན་འབྱུང་གིན་མེད་སྐོར་ཨོ་སི་ཊོ་ལིའི་ཡིག་ཚགས་ཉམས་ཞིབ་པ་བྷེ་བྷི་མར་གྷུར་ (Phoebe Meagher) གྱིས་བརྗོད་འདུག

མཚོ་སྟེང་དུ་མངོན་པའི་སྲིན་ཉའི་གཤོག་པ། Source: iStockphoto / Philip Thurston/Getty Images/iStockphoto
སྲིན་ཉས་མིའི་ཤ་དམིགས་བསལ་གྱིས་ཟ་འདོད་བྱས་ཏེ། ཆེད་དུ་མཚོ་འགྲམ་ལ་ཡོང་བ་ཞིག་མིན།ཉམས་ཞིབ་པ་བྷེ་བྷི་མར་གྷུར་ (Phoebe Meagher) །
སྲིན་ཉ་ལ་སྲོག་ཆགས་ཀྱི་རིགས་ཕན་ཚུན་བར་ལ་དབྱེ་བ་འབྱེད་ཐུབ་པའི་ནུས་པ་དེ་འདྲ་ཡོད་ངས་ནི་བསམ་ཀྱི་མི་འདུག ང་ཚོའི་ཞིབ་འཇུག་བརྒྱུད་ནས་ཤེས་རྟོག་བྱུང་བ་ལྟར་ན། གལ་སྲིད། སྲིན་ཉ་ཞིག་གིས་མི་ཞིག་ལ་སོ་བརྒྱབ་ཚེ། སྲིན་ཉ་དེས་སོ་གཅིག་བརྒྱབ་རྗེས་བྲོས་འགྲོ་བ་རྒྱུན་དུ་འབྱུང་བཞིན་པ་ཞིག་རེད།
དོན་དངོས་སུ་སྲིན་ཉ་ལ་རིགས་ ༤༠༠ ཙམ་ཡོད་པའི་ཁྲོད་ནས་རེ་འགའ་ནི་མིའི་སྲོག་ལ་ཉེན་ཁ་ཡོད་པའི་རིགས་ཡིན།
དེ་དག་གི་ཁྲོད་ནས་ནེའུ་སོཐི་ཝལ་གྱི་ནང་རིགས་གསུམ་ལ་དོགས་ཟོན་བྱེད་དགོས་པ་རེད། དེ་དག་ནི་སྲིན་ཉ་དཀར་པོ་ (white shark) དང་། སྲིན་ཉ་སྟག་ (tiger shark) དང་། སྲིན་ཉ་གླང་ (bull shark) བཅས་ཡིན་པ་རེད།
སྲིན་ཉ་དེ་ཚོའི་སྤྱོད་ལམ་ནི་བྱིས་པ་དང་འདྲ་བ་ཡིན་འདུག
དེ་ཚོ་ཚང་མ་ལ་ཁྱད་ཆོས་མི་འདྲ་བ་མ་ཟད། སྤྱོད་ལམ་ཡང་མི་འདྲ་བ་རེ་ཡོད་པ་རེད།
སྲིན་ཉ་སྟག་ (tiger shark) དང་སྲིན་ཉ་གླང་ (bull shark) ནི་ནམ་གསལ་མ་གསལ་དང་ས་རུབ་མ་རུབ་མཚམས་སུ་རྒྱུ་བའི་སྲིན་ཉ་ཡིན་པས། དུས་དེ་ལ་ཆུ་ལ་རྐྱལ་ནས་ཉེན་ཁ་ཆེ་བ་ཡོད་པ་རེད།
སྲིན་ཉའི་རིགས་གཞན་ཚོས་རྐྱེན་དང་འཕྲད་ན་ལས་སོ་མི་རྒྱག་པ་རེད། མཚམས་རེར་ཁྱེད་ཀྱི་རྐང་པས་མཚོ་ཞབས་ཀྱི་གདན་དབྱིབས་ཅན་གྱི་སྲིན་ཉའི་ (carpet shark) སྟེང་ལ་གོམ་པ་སྤོ་བའི་དོན་དག་དེ་འདྲའང་སྲིད་པ་ཞིག་རེད།

སྲིན་ཉའི་དོན་རྐྱེན་བྱུང་སྟབས་མཚོ་འགྲམ་ལ་བཀག་འགོག་བྱེད་པ། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༣ ཉིན། པར་དབང་། Tony Feder/Getty Images Credit: Tony Feder/Getty Images
སྲིན་ཉ་དང་མཉམ་དུ་སྤྱང་གྲུང་འཛོམས་པའི་ཐོག་གནས་དགོས།
མཚོ་འགྲམ་ཁ་ཤས་ནི་སྲུང་སྐྱོབ་མཚོ་ཁུལ་དུ་ངོས་འཛིན་བྱས་ཡོད་པ་རེད། ཐད་འཕུར་གནམ་གྲུ་དང་ Drones སྤྱད་དེ་མཁའ་དབྱིངས་ནས་མར་ལྟ་རྟོག་བྱེད་ཀྱིན་ཡོད་པ་རེད། གལ་སྲིད། སྲིན་ཉ་ཞིག་མཚོ་འགྲམ་དུ་ཡོང་གིན་ཡོད་ཚེ། མི་ཚོགས་ལ་དུང་བརྡ་བརྒྱབ་ནས་མཚོ་ནང་ནས་ཕྱི་ཐོན་དགོས་པ་བརྗོད་ཀྱི་ཡོད་པ་རེད།
སྲིན་ཉའི་སྟེང་ལ་གླིག་གི་འཕྲུལ་ཆས་ཆུང་ཆུང་དེ་འདྲ་བཞག་ནས་དེ་ཚོ་ས་གནས་གང་དུ་འགྲོ་ཡི་ཡོད་མེད་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། SharkSmart མཉེན་ཆས་ཀྱི་ནང་དུ་སྲིན་ཉ་རང་ཉིད་ཀྱི་ཕྱོགས་སུ་ཡོང་གི་ཡོད་མེད་ཀྱི་གནས་ཚུལ་ལའང་ལྟ་ཐུབ་པ་རེད།
SharkSmart མཉེན་ཆས་ཀྱི་ནང་དུ་ཁྱེད་ཀྱིས་ནིའུ་སོཐི་ཝལ་དང་ནུབ་ཨོ་སི་ཊོ་ལི་ཡ། དེ་བཞིན་ཁིན་སི་ལན་ཌི་བཅས་ཀྱི་སྲིན་ཉའི་གནས་ཚུལ་ཤེས་ཐུབ་ལ། གཤམ་གྱི་དྲ་ཐག་ཁག་ནས་གནས་ཚུལ་དེ་ལས་མང་པ་ཤེས་ཐུབ།

སྐོར་གཡེང་བས་རྒྱང་མཐོང་བརྒྱུད་ནས་མཚོ་ནང་ལ་ལྟ་བ། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༡ ཚེས་ ༦ ཉིན་མཚོ་འགྲམ་དུ་མི་ཞིག་བོར་བརླག་བྱུང་ཡོད་སྟབས། སྲིན་ཉའི་དོན་རྐྱེན་ཡིན་པར་དོགས་ནས་མཚོ་འགྲམ་ལ་བཀག་འགོག་བྱས་ཡོད་པ། པར་དབང་། (AAP Image/Richard Wainwright) Source: AAP / RICHARD WAINWRIGHT/AAPIMAGE
ཉ་ཆུང་ཡོད་ན་ཉ་ཆེན་འཁོར་ཡོད་པའི་རྟགས་ཡིན་ལ། ཉ་ཆེན་ཡོད་སར་སྲིན་ཉ་ཡོད་རྟགས་རེད།
ཆུ་ལ་རྐྱལ་མཁན་ཚོས་ངེས་པར་དུ་རང་ཉིད་ཀྱི་ས་ཕྱོགས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་བེད་སྤྱོང་གཏང་རྒྱུ་གལ་ཆེན་ཡིན།