ཚོགས་པ་དེའི་ནང་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས། ཨོ་སི་ཊོ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་འོས་མིར་ལངས་ཀྱི་ཡོད་པ་གསལ་བསྒྲགས་གནང་སོང་།
གཞན་ཡང་མང་གཙོ་མཐུན་གྲོགས་ཆབ་སྲིད་ཚོགས་པ་དེ་ནས་ཚོགས་པ་དེ་གསར་འཛུགས་གནང་མཁན་དང་དེ་སྔོན་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ University of queensland གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཕྱིར་ཕུད་བཏང་བའི་ཨོ་གླིང་གི་མི་སེར་ཡིན་པའི་གཞོན་སྐྱེས་ཌརོ་པཱ་ལའོ་ Drew Pavlou ལགས་དང་། ཨོ་གླིང་ནང་ཡུ་གུར་མང་ཚོགས་ཀྱི་ལས་འགུལ་བ་ཨ་ཌི་ལཱ་ Adila Yarmuhammad ལགས་དང་ཡུ་གུར་བ་ཨིན་ཊི་ Inty ལགས། དེ་བཞིན་ཧོང་ཀོང་གི་ལས་འགུལ་བ་མེག་སི་མོ་ཁེ་ (Max Mok) ལགས་བཅས་ཁྱོན་ཚོགས་མི་ལྔ་ཨོ་གླིང་གི་མངའ་སྡེ་ཁག་ནས་གྲོས་ཚོགས་འཐུས་མིར་ལངས་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་སོང་།