ཨོ་མེ་ཁོ་རོན་ན་ཚ་དེ་ཌལ་ཊ་ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་འདུག

Omicron

World Health Organization's chief scientist Soumya Swaminathan Source: AFP

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron དེ་ཏོག་དབྱིབས་ནད་ཡམས་གཞན་ཌལ་ཊ་ Delta ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག


 ཨོ་མེ་ཁོ་རོན་ན་ཚ་དེ་ཌལ་ཊ་ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་འདུག

 འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་ Omicron དེ་ཏོག་དབྱིབས་ནད་ཡམས་གཞན་ཌལ་ཊ་ Delta ལས་འགོས་ཁྱབ་མགྱོག་བ་འགྲོ་བཞིན་ཡོད་པའི་ཉེན་བརྡ་བཏང་འདུག

 ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་དེ་ཏོག་དབྱིབས་འགོག་ཁབ་བརྒྱབ་ཚར་བའི་མི་རྣམས་ལ་ཡང་འགོས་བཞིན་ཡོད་པས་མ་ཚད། དེ་སྔོན་ཏོག་དབྱིབས་ན་ཚ་འགོས་ནས་དྲག་སྐྱེད་བྱུང་ཚར་བ་རྣམས་ལ་ཡང་ན་ཚ་གསར་པ་དེ་འགོས་བཞིན་ཡོད་འདུག

 འཛམ་གླིང་འཕྲིད་བསྟེན་སྒྲིག་འཛུགས་ཀྱི་ཚན་རིག་འགན་འཛིན་སའོ་མུ་ཡ་ Soumya Swaminathan ལགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་དེ་ལ་དོག་ཟོན་ཆེན་པོ་བྱེད་དགོས་སྐོར་གསུངས་འདུག

 འགན་འཛིན་སའོ་མུ་ཡ་ལགས་ཀྱིས་གལ་སྲིད་ཁྱེད་རང་ན་ཚད་དེས་ཤུགས་ཆེན་པོ་ན་གི་ཡོད་པ་དང་། ཡང་ན་དེ་ཙམ་ཤུགས་ཆེན་པོ་ན་གི་མེད་ན་ཡང་ན་ཚ་དེ་དེ་ཙམ་ཉེན་ཁ་ཆེན་པོ་ཡོད་ས་མ་རེད་དྲན་ནས་བསྡད་རྒྱུ་མེད་པར་སྨན་ཁང་ལ་བརྟེན་གཏུགས་བྱེད་དགོས་པ་དང་། ན་ཚ་དེས་ད་ལྟའི་ཆར་རྒྱལ་ཁབ་མང་པོའི་ནང་འཕྲོད་བསྟེན་ལམ་ལུགས་ལ་དཀའ་ངལ་དང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་སྐོར་བརྗོད་འདུག

 ད་ལྟའི་ཆར་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་པ་ཨོ་མེ་ཁོ་རོན་སྐོར་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

 ན་ཚ་འདིའི་འབྱུང་རྐྱེན་གསར་པོ་ཤེས་རྟོགས་ཡོང་ཆེད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་ཐེ་ཌོར་སི་ Tedros Ghebreyesus ནས་རྒྱ་ནག་གཞུང་ལ་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་འདུག 

 ཁོང་གིས་ང་ཚོས་ན་ཚ་འདིའི་འབྱུང་ཁུངས་མ་ཤེས་བར་དུ་མུ་མཐུད་ནས་རྩད་གཅོད་བྱེད་དགོས་ཀྱི་ཡོད། ང་ཚོས་མ་འོངས་པར་གནས་སྟངས་ཡར་རྒྱས་འགྲོ་ཆེད་ད་ལྟ་ན་ཚ་དེའི་གནས་སྟངས་གང་འདྲ་ཆགས་ཀྱི་ཡོད་མེད་ཤེས་རྟོགས་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་དགོས་ཀྱི་ཡོད་པ་རེད། ན་ཚ་དེའི་འབྱུང་ཁུངས་སྐོར་ཞིབ་འཇུག་དང་། ལྷག་པར་དུ་རྒྱ་ནག་ཕྱོགས་ནས་གནས་ཚུལ་མཁོ་སྤྲོད་བཅས་ཀྱི་ཐད་གདོང་ལེན་མང་པོ་ཞིག་བྱེད་དགོས་འཁེལ་གྱི་ཡོད།  ངའི་རེ་བར་དེ་འདྲ་བྱུང་ཚེ་ཕན་ཐོགས་ཡོང་གི་རེད། གནས་ཚུལ་ཁ་གསལ་གཏིང་གསལ་མཁོ་སྤྲོད་མ་བྱུང་ཚེ་ངའི་བསམ་པར་ན་ཚ་དེའི་འབྱུང་ཁུངས་ཤེས་རྟོགས་དང་གྲུབ་འབྲས་ལྡན་པའི་ཐོག་ནས་མཇུག་བསྡུ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག

ཉེ་ཆར་ཐའེ་ལན་ཌི་གཞུང་གིས་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་རྒྱལ་ཁབ་ནང་འགོས་ཁྱབ་ཡོང་བར་སེམས་ཁྲལ་གྱིས་རྒྱལ་ཁབ་གཞན་པ་ནས་ཡོང་བའི་འགྲུལ་པ་རྣམས་ཟུར་བཀག་དུ་སྡོད་དགོས་པའི་གཏན་འབེབས་བྱས་ཡོད་འདུག

ཐའེ་ལན་ཌིའི་ནང་བུད་མེད་ཅིག་ལ་ཏོག་དབྱིབས་ན་ཚ་གསར་པ་ཨོ་མེ་ཁོ་རོན་འགོས་ཡོད་འདུག་པ་དང་། བུད་མེད་དེའི་ན་ཚ་དེ་ཨ་ཧྥི་རི་ཀའི་རྒྱལ་ཁབ་ནཱ་ཇི་རི་ཡ་ནས་གསར་དུ་འབྱོར་བའི་ཁོང་གི་ཁྱོ་ག་རྩ་ནས་འགོས་ཁྱབ་བྱུང་བ་ཤེས་རྟོགས་བྱུང་ཡོད་འདུག 

སྤྱིར་བཏང་སྐྱེས་དམན་དེ་དང་ཁྱོ་ག་གཉིས་ཀ་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་འདུག

ཐའེ་ལན་ཌིའི་ནད་ཡམས་སྟངས་འཛིན་ལྷན་ཁང་གི་ལས་བྱེད་ཆཱ་ཁ་རཱ་ཏི་ Chakrarat

ལགས་ཀྱིས་འགོག་ཁབ་ཆ་ཚང་བརྒྱབ་ཚར་ཡོད་ཀྱང་འཕྲོད་བསྟེན་བློན་ཆེན་ལྷན་ཁང་གིས་ཚང་མ་ཟུར་བཀག་དུ་སྡོད་དགོས་པའི་སྒྲིག་གཞི་བཟོ་རྒྱུ་ཡིན་སྐོར་བརྗོད་འདུག 

དེ་དང་ཆབས་ཅིག་ཨིན་དྷུ་ནི་ཤི་ཡ་གཞུང་གིས་དབྱིན་ཡུལ་དང་། ནོ་ཝེ། ཌན་མག་བཅས་ནས་ཡོང་བའི་འགྲིམ་འགྲུལ་བཀག་འགོག་ཀྱི་ཐོ་གཞུང་ནང་བླུག་ཡོད་པ་དང་། ཡང་ཉེ་ཆར་ཧོང་ཀོང་འགྲིམ་འགྲུལ་བཀོག་འགོག་གི་ཐོ་གཞུང་ནས་ཕྱིར་འཐེན་བྱས་ཡོད་འདུག

ཡིན་ན་ཡང་དབྱིན་ཡུལ་ནང་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་སྐབས་སུ་རྐང་རྩེད་སྤོ་ལོ་འགྲན་བསྡུར་སོགས་རྩེད་མོ་ཁག་མུ་མཐུད་རྩེད་བཅུག་རྒྱུ་ཡིན་པའི་རེ་བ་རྒྱག་གི་ཡོད་འདུག 


Share