Key Points
- After-school activities offer children many benefits, including skill development, social connections, and improved mental and physical well-being.
- Many free and affordable options exist, including libraries, youth and community centres, school programs and government vouchers.
- When selecting an after-school activity, consider your child’s interests, personality, and abilities. Involve them in the process.
- Inclusive programs help foster a sense of belonging and contribute to a more harmonious society.
ཨོ་སི་ཁྲུ་ལི་ཡའི་ནང་དུ་སློབ་གྲྭ་གྲོལ་རྗེས་ཀྱི་ལས་འགུལ་སྐོར་ལ་བསམ་བློ་བཏང་ན། སྤོ་ལོ་རྩེད་འགྲན་དང་འཁྲབ་སྟོན་སྒྱུ་རྩལ། རང་འགུལ་འཕྲུལ་འཁོར་བཟོ་སྐྲུན་ཚུན་ལ་ཚད་གཞི་མེད།
སློབ་གྲྭ་གྲོལ་རྗེས་ཀྱི་ལས་འགུལ་གྱི་ཕན་ཐོགས།
ཞིབ་འཇུག་ལས་བྱིས་པ་ཚོས་ལས་འགུལ་འདི་ཚོའི་ནང་ཞུགས་པ་ལས་ཕན་ཐོགས་ཆེན་པོ་ཡོད་པ་བསྟན་ཡོད། ཁོང་ཚོས་རྩལ་གསར་པ་སྦྱོང་བ་མ་ཟད། ད་དུང་སེམས་ཁམས་དང་ལུས་ཕུང་གི་བདེ་ཐང་དང་། སྤོབས་པ། སྤྱི་ཚོགས་ཀྱི་རྩལ་ནུས་ཀྱང་ཡར་རྒྱས་གཏོང་གི་ཡོད།
རྩེད་རིགས་དང་སློབ་གྲོལ་ཕྱིའི་ལུས་རྩལ་བྱེད་སྒོ་སོགས་ཀྱི་སྐོར་ནས་ཕྲུ་གུ་དང་གཞོན་ནུ་ཚོའི་ཆེད་དུ་ཡོད་ཚད་ཕར་བཤུག་ན། དེ་ནི་མཐར་ཐུག་ཐོག་མར་དང་ཐོག་མར་དགའ་སྤྲོ་ཡོང་བ་དང་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་ཞིང་། དེས་ན་གྲོགས་པོ་གསར་པ་བཟོ་བ་དང་གྲོགས་པོ་དང་མཉམ་དུ་ཡོད་པ་དེ་རེད། ཞེས་ཝི་ཀི་རི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་རིག་པའི་སློབ་དཔོན་རཱ་མོན་སི་པཱ་ཡིས་གསལ་བཤད་གནང་གི་འདུག
ཁོང་གིས་འབྲེལ་མཐུད་ཀྱི་ཚོར་སྣང་འདི་ནི་གནས་སྤོ་བའི་རྒྱབ་ལྗོངས་ཡོད་པའི་ཕྲུ་གུ་ཚོར་དམིགས་བསལ་གྱིས་གལ་ཆེན་པོ་ཡིན་པ་བསྣན་ཏེ། ང་ཚོས་ཤེས་གསལ་ལྟར་གཏོགས་འབྲེལ་གྱི་ཚོར་སྣང་ནི་བདེ་ཐང་དང་ཚང་མའི་སྤྱི་ཚོགས་ཀྱི་ཚོར་སྣང་ལ་ངེས་པར་དུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་གསར་དུ་འབྱོར་བ་དང་ཡང་ན་སྤྱིར་བཏང་དབྱེ་འབྱེད་དང་མཐའ་འཕུལ་གྱི་རྣམ་པ་དང་འཐབ་འཛིང་བྱེད་མཁན་གྱི་སྤྱི་ཚོགས་ནས་ཡོང་མཁན་ཚོའི་ཆེད་དུ་གལ་ཆེན་པོ་རེད།
(the North Melbourne Football Club’s community arm) ནང་གི་སྡེ་ཚན་འཕེལ་རྒྱས་ཀྱི་འགོ་འཛིན་ Zakaria Farah ལགས་ཀྱིས་བྱེད་སྒོ་འདི་དག་གིས་ཕྲུ་གུ་ཚོར་སློབ་གྲྭའི་ཕྱི་ལོགས་ནས་འབྲེལ་བ་བྱེད་པར་ཇི་ལྟར་ཕན་ཐོགས་ཡོད་མེད་ཐད་ཐད་ཀར་གཟིགས་ཀྱི་ཡོད། “ མཚམས་རེར་གཞོན་སྐྱེས་ཚོར་གྲོགས་པོ་བཟོ་རྒྱུ་དཀའ་ངལ་ཡོད་སྲིད་མོད། འོན་ཀྱང་རྩེད་རིགས་ཀྱིས་མི་མང་མཉམ་དུ་འཁྱེར་ཡོང་གི་ཡོད་པ་དང་ང་ཚོས་ལས་འགུལ་གཞན་དག་ཚང་མས་མི་མང་མཉམ་དུ་འཁྱེར་ཡོང་གི་ཡོད་སྟབས། སྟོབས་ཤུགས་ཆེ་བའི་འབྲེལ་བ་བཟོ་རྒྱུ་དེ་གཞོན་སྐྱེས་ཚོར་མཚོན་ན་ཕན་ཐོགས་ཧ་ཅང་གལ་ཆེན་པོ་ཞིག་རེད།”

Skateboarding program at The Huddle.
ཁྱེད་རང་གི་ཕྲུ་གུའི་ཆེད་དུ་བྱེད་སྒོ་འོས་འཚམ་ཞིག་འདེམས་པ།
སློབ་གྲོལ་རྗེས་ཀྱི་བྱེད་སྒོ་ཞིག་འདེམས་སྐབས་ཁྱེད་རང་གི་ཕྲུ་གུའི་དོ་སྣང་དང་། མི་གཤིས། ནུས་པ་བཅས་ལ་བསམ་ཞིབ་བྱེད་དགོས།
རཱ་མོན་སི་པཱ་ཡི་(Ramón Spaaij)ཡིས་ཕྲུ་གུ་རང་ཉིད་ཀྱི་བྱེད་སྒོ་འདེམས་པའི་ནང་ཞུགས་སུ་འཇུག་དགོས་པའི་འོས་འགན་ལེན་དགོས་པའི་འདོན་འཇུག་བྱེད་ཀྱི་ཡོད། ཁོང་གིས་རང་ཉིད་ཀྱི་ཁྱིམ་ཚང་དཔེ་མཚོན་དུ་བཀོད་དེ་བརྗོད་དོན། ཁོང་གི་བུ་གཅིག་འགྲན་རྩོད་ཀྱི་ལུས་རྩལ་རྩེ་རྒྱུར་ཧ་ཅང་དགའ་པོ་ཡོད་པ་དང་། ཡང་གཅིག་དལ་ཞིང་ལྷོད་པའི་རྣམ་པའི་ཐོག་ནས་ཕྱི་རོལ་དུ་རྩེ་རྒྱུར་དགའ་པོ་ཡོད་ཅེས་གསུངས་ཡོད།
ཁོང་གིས། “ཁྱེད་རང་གིས་ཚང་མས་ཧ་ཅང་ཕྲ་བའི་རིམ་པ་ཞིག་ནས་མཐོང་ཐུབ་པ་ནི། ཁྱིམ་ཚང་གཅིག་གི་ནང་དུའང་དེ་འདྲའི་མོས་མཐུན་མེད་པའི་རིགས་མང་པོ་ཡོད་པ་དེ་རེད། ངའི་བསམ་པར་ང་ཚོས་དོ་སྣང་གི་ཁྱབ་ཚད་ཧྲིལ་པོར་བསྟུན་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་”ཅེས་གསུངས་ཡོད།
འོན་ཀྱང་དྲག་དྲག་མ་བྱེད། བྱེད་སྒོ་མང་པོ་ཞིག་བསྒྲིགས་ན་གནོད་སྐྱོན་ཡོང་སྲིད། ཁྱེད་རང་གི་ཕྲུ་གུ་དང་ཁྱིམ་ཚང་ལ་འཚམ་པའི་དོ་མཉམ་ཞིག་རྙེད་དགོས།
སློབ་གྲོལ་རྗེས་ཀྱི་རིན་མེད་དང་རིན་གོང་ཆུང་བའི་བྱེད་སྒོ་གང་དུ་འཚོལ་དགོས།
སློབ་གྲོལ་རྗེས་ཀྱི་བྱེད་སྒོ་རྣམས་ལ་འགྲོ་སོང་ཆེན་པོ་འགྲོ་སྲིད་པ་དང་—ཁྱིམ་ཚང་ཁ་ཤས་ཀྱིས་ལོ་རེར་སྟོང་ཕྲག་མང་པོ་འགྲོ་སོང་གཏོང་གི་ཡོད།—འོན་ཀྱང་རིན་མེད་དང་རིན་གོང་དམའ་བའི་གདམ་ག་མང་པོ་ཡོད།
སློབ་གྲྭ་མང་པོས་དུས་ཚོད་ཡོལ་རྗེས་བྱེད་སྒོ་འདོན་སྤྲོད་བྱེད་ཀྱི་ཡོད་ལ། མངའ་སྡེའི་གཞུང་མང་ཆེ་བས་ལུས་རྩལ་དང་སྒྱུ་རྩལ་ཆེད་དུ་དངུལ་འཛིན་འདོན་སྤྲོད་བྱེད་ཀྱི་ཡོད།
ཁྱེད་རང་གི་ས་གནས་དཔེ་མཛོད་ནི་སྒྱུ་རྩལ་དང་ཚན་རིག་དེ་བཞིན་འཕྲུལ་ལས་དང་འབྲེལ་བའི་རིན་མེད་ཀྱི་བྱེད་སྒོ་ཆེད་དུ་ཐོན་ཁུངས་རྩ་ཆེན་ཞིག་ཡིན།
དཔེར་ན། སི་ཌི་ནིའི་(Sydney)ཉེ་འཁོར་གྱི་ལི་ཝར་པུལ་(Liverpool)གྱི་དཔེ་མཛོད་ཁང་དུ་རྒྱལ་སྤྱིའི་རིག་གཞུང་དང་འཕྲུལ་ལས་ཚོགས་པ། ལག་ཤེས་བཟོ་རྩལ། དེ་བཞིན་རྙིང་པའི་རྩེད་རིགས་སོགས་སློབ་གྲོལ་རྗེས་ཀྱི་རིན་མེད་བྱེད་སྒོ་རབ་དང་རིམ་པ་ཞིག་འདོན་སྤྲོད་བྱེད་ཀྱི་ཡོད།
“སྤྱི་པའི་དཔེ་མཛོད་ཁང་ཚང་མ་ནི་སྤྱི་ཚོགས་ལ་ཐོབ་ཐང་དང་འདྲ་མཉམ་གྱི་གོ་སྐབས་སྤྲོད་རྒྱུ་དེ་རེད། དེ་ནི་ཁྱེད་ཀྱི་ཡོང་འབབ་དང་ཁྱེད་རང་གནས་སྡོད་བྱེད་ཡུལ་སོགས་གང་ཡིན་རུང་བྱིས་པ་ཚོར་དོ་སྣང་ཡོད་པའི་དངོས་པོ་དང་རྩལ་ནུས་གསར་པ་སྦྱོང་བརྡར་བྱེད་ཆེད་དགོས་ངེས་ཀྱི་ཡོ་ཆས་དེ་དག་ཐོབ་ཐང་ཡོད་པའི་ས་ཆ་ཞིག་ཡིན་པ་མ་ཟད། དེ་ནི་སྤྲོ་སྣང་སྐྱིད་པོ་ཞིག་ཀྱང་ཡོང་ངེས་རེད”ཅེས་ Liverpool ལི་ཝར་པུལ་གྲོང་སྡེའི་ལྷན་ཚོགས་ཀྱི་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་གི་ཞབས་ཞུ་ཚན་པའི་འགན་འཛིན་ཨེ་ལི་ས་ཌེ་ནིས་ཀྱིས་བརྗོད་བྱུང་།
གཞོན་སྐྱེས་དང་སྤྱི་ཚོགས་ལྟེ་གནས་ཁང་ནི་གདམ་ཀ་ཡག་པོ་ཞིག་རེད།
རང་ཉིད་ཀྱི་ Gunditjmara མི་ཡིན་པའི་ Zachary Lovett ནི་གྲོང་ཁྱེར་མེལ་བྷོན་ Melbourne ནང་གི་ Richmond གཞོན་སྐྱེས་ལྟེ་གནས་ཁང་གི་རུ་ཁག་གི་འགོ་ཁྲིད་ཡིན། ལྟེ་གནས་ཁང་དེས་ས་གནས་སྤྱི་ཚོགས་ལ་སྤོ་ལོ་རྩེད་འགྲན་དང་། རྐང་རྩེད་སྤོ་ལོ། ཟ་མ་བཟོ་བ། སིར་ཀི་སི་སོགས་ཀྱི་བྱེད་སྒོ་མཁོ་སྤྲོད་བྱེད་ཀྱི་ཡོད།
ཁོང་གིས། “ལྟེ་གནས་ཁང་གི་ས་ཁྱད་ཀྱི་གནས་ཡུལ་དབང་གིས་དོན་དངོས་སུ་སྡོད་ས་དང་རང་ཉིད་ཀྱི་ལོ་ཚོད་མཉམ་པའི་མི་གཞན་དང་མཉམ་དུ་སྐད་ཆ་ཤོད་སའི་ས་ཆ་མང་པོ་མེད། དེར་བརྟེན་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད་པ་མང་ཆེ་བ་ནི་སྡེ་ཚན་གྱི་བགྲོ་གླེང་ངམ་སྡེ་ཚན་གྱི་བྱེད་སྒོ་རེད། དཔེར་ན་ང་ཚོས་ཟ་མ་བཟོས་ཚེ་ང་ཚོ་ཚང་མ་མཉམ་དུ་སྡོད་དེ་ཟ་མ་ཟ་བ་དང་བགྲོ་གླེང་བྱེད་ཀྱི་ཡོད།” ཅེས་བརྗོད་འདུག
འདུ་འགོད་གལ་ཆེ་བའི་རྒྱུ་མཚན།
མེལ་བྷོན་བྱང་ཕྱོགས་དང་ཝིན་ཌམ་ནང་གི་ཧ་ཌལ་གྱི་རིན་མེད་རྩེད་རིགས་ལས་རིམ་ཚང་མ་བྱིས་པ་ཚང་མར་འཛུལ་ཞུགས་ཐུབ་པའི་ཆེད་དུ་བཟོས་ཡོད།
“ཕ་མ་ཚོས་སམ་ན་གཞོན་ཚོས་ཅ་དངོས་ཀྱི་རིན་པ་སྤྲོད་དགོས་ཚེ་འདུ་འགོད་ཉུང་དུ་འགྲོ་ཞིང་མི་ཉུང་ཤས་ཤིག་ལ་དེར་འཛུལ་ཞུགས་བྱེད་པའི་གོ་སྐབས་ཐོབ་ཀྱི་རེད། དེར་བརྟེན་རིན་མེད་བཟོས་ཚེ་ཁྱེད་ཀྱིས་ན་གཞོན་མང་པོར་བྱ་བ་དེའི་ནང་ཞུགས་ཏེ་ཕན་ཐོགས་ལེན་པའི་གོ་སྐབས་སྤྲོད་ཀྱི་རེད”ཅེས་ཛ་ཀ་རི་ཡ་ཕ་རཱ་གིས་བཤད།
གོང་ཚད་འཁྱོག་ཐུབ་མིན་ལས་གཞན། རིག་གཞུང་ཀུན་ལ་འདྲ་མཉམ་དུ་བརྩི་འཇོག་བྱེད་རྒྱུ་དེ་ཡང་ཧ་ཅང་གལ་འགངས་ཆེན་པོ་རེད། ཧ་ཌལ་ཚོགས་པས་ལས་བྱེད་ཚང་མར་རིག་གཞུང་བདེ་འཇགས་སྐོར་གྱི་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དང་། དེས་རྐྱེན་གྱིས་རྒྱབ་ལྗོངས་མི་འདྲ་བ་ཡོད་པའི་གཞོན་སྐྱེས་ཚོར་དགའ་བསུ་ཞུ་སའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཀྱི་ཡོད།
“ང་ཚོས་མི་གླས་པ་དང་ཡང་ན་ང་ཚོས་རྒྱབ་སྐྱོར་བྱེད་པའི་རིག་གཞུང་དེ་ཚོའི་སྐོར་དང་། ཁོང་ཚོའི་རིག་གཞུང་གི་དགོས་མཁོ་ག་རེ་ཡོད་མེད་སྐོར། དེ་བཞིན་རིག་གཞུང་བདེ་འཇགས་ཀྱི་སྐོར་དང་རྒྱབ་ལྗོངས་མི་འདྲ་བ་ཡོད་པའི་གཞོན་སྐྱེས་ཚོར་ཚོགས་འདུ་ཇི་ལྟར་གནང་དགོས་མིན་སོགས་ཀྱི་སྐོར་ལ་ང་ཚོའི་ལས་བྱེད་ཚོར་སློབ་གསོ་སྤྲོད་རྒྱུར་ང་ཚོས་ནན་བརྗོད་བྱེད་ཀྱི་ཡོད”ཅེས་ཕ་རཱ་གིས་བཤད།
ཁོང་གིས་ཕན་ཐོགས་དེ་དག་སྒེར་གྱི་ཐོག་ནས་ཐོབ་རྒྱུ་ལས་གཞན། ལས་རིམ་འདི་དག་གིས་སྤྱི་ཚོགས་འདྲ་མཉམ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག
“ང་ཚོའི་སར་ཡོང་མཁན་གྱི་གཞོན་སྐྱེས་འདི་ཚོས་ག་རེ་བྱེད་ཀྱི་ཡོད་མེད་ང་ཚོས་ཤེས་རྟོགས་ཐུབ་པ་དང་། ང་ཚོས་ཁོང་ཚོའི་རིག་གཞུང་སྐོར་ཤེས་རྟོགས་ཐུབ་ཀྱི་ཡོད་ལ། ང་ཚོས་ཀྱང་ཁོང་ཚོའི་རྗེས་སུ་འབྲངས་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ཁོང་ཚོར་སྒེར་ངོས་ནས་ཐོབ་པའི་ཕན་ཐོགས་དེ་དག་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་མ་ཟད། ཁོང་ཚོས་ཀྱང་ང་ཚོར་སྤྱི་ཚོགས་འདྲ་མཉམ་དང་འཆམ་མཐུན་ཅན་ཞིག་ཏུ་འགྱུར་བར་རོགས་རམ་བྱེད་ཀྱི་འདུག”ཅེས་ཁོང་གིས་གསུངས།
ཁྱེད་རང་ལ་བརྗོད་གཞི་དང་དྲི་བ་ཡོད་ན་ང་ཚོའི་གློག་འཕྲིན་ཁ་བྱང་ [email protected]. ཐོག་འབྲེལ་བ་གནང་རོགས།