ཁང་པ་ཐེངས་དང་པོ་ཉོ་མཁན་ཚོར་ལམ་སྟོན་དང་ཁང་པའི་བུན་གཡར་སྐོར།

Australia Explained: Home Loans

You could go to a couple or more mortgage brokers, see what loans they offer, and compare them. Credit: pixdeluxe/Getty Images

ཁང་པའི་བུན་ལོན་ཐོག་མར་ལེན་མཁན་ཚོར་ཁང་པའི་བུ་ལོན་གྱི་སྙན་ཞུའི་བྱ་རིམ་དེ་ཧ་ཅང་དཀའ་ཁག་ཆེན་པོ་ཆགས་སྲིད། ཁྱེད་རང་གིས་ཨོ་སི་ོཁྲུ་ལི་ཡའི་ནང་སྐྱེད་ཀའི་ཚད་གཞི་དང་། སྙན་ཞུའི་བྱ་རིམ། གཞུང་གི་རྒྱབ་སྐྱོར་བཅས་ཀྱི་གཞི་རྩའི་གནས་ཚུལ་ཁག་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད།


Key Points
  • Start by investigating interest rates and features of home loans available in the market.
  • A deposit of between five and twenty per cent is one of the prerequisites.
  • Check for government home-buying assistance you may be eligible for.
ཁང་པ་ཉོ་རྒྱུ་ནི་ནམ་རྒྱུན་མི་ཞིག་གི་མི་ཚེའི་ནང་ཉོ་སྒྲུབ་ཆེ་ཤོས་ཤིག་རེད། ཁྱེད་ཀྱི་གདམ་ག་དང་ཁང་པའི་བུ་ལོན་གྱི་ཁྲོམ་ར་དེ་གང་འདྲ་ཡིན་མིན་ཤེས་རྟོགས་བྱུང་ན་སྒོར་མོ་གྲ་སྒྲིག་བཟོ་རྒྱུ་སྟབས་བདེ་རུ་འགྲོ་ཐུབ་པ་དང་སེམས་ཁྲལ་ཉུང་དུ་འགྲོ་སྲིད།
ཨོ་སི་ཁྲུ་ལི་ཡའི་ནང་མངའ་སྡེ་དང་རྒྱལ་ཡོངས་ཀྱི་གཞུང་གི་དྲ་ཚིགས་དེ་ཚོ་ཁང་པ་ཉོ་བའི་བྱ་རིམ་ཤེས་རྟོགས་བྱེད་པར་འགོ་འཛུགས་ས་ཡག་པོ་ཞིག་རེད།

ཁྲོམ་རའི་གནས་སྟངས།

ནི་ཨོ་སི་ཁྲུ་ལི་ཡ་སྤྱི་མཐུན་གཞུང་གི་དྲ་ཚིགས་ཤིག་རེད། དེ་ནི་ཨོ་སི་ཁྲུ་ལི་ཡའི་དངུལ་ཁང་དང་མ་རྩ་འཇོག་པའི་ལྷན་ཁང་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད།

ཨེན་ཌི་རུ་ཌེཌ་སི་ཝེལ་ནི་ཨེ་ཨེས་ཨའི་སི་(ASIC)ཡི་ཉེར་སྤྱོད་བརྡ་འཕྲིན་གྱི་འགན་འཛིན་གཞོན་པ་ཡིན།
Australia Explained: Home Loans
Applying with a friend or partner could maximise your chances in getting approved for a home loan, due to combined incomes. Source: Moment RF / Maria Korneeva/Getty Images
ཁོང་གིས་ཁང་པའི་བུ་ལོན་གྱི་གན་རྒྱ་ཡག་པོ་དེ་སྐྱེད་ཀ་ཡག་པོ་ཡིན་པའི་རྒྱུ་མཚན་འགྲེལ་བཤད་རྒྱག་གི་ཡོད།
ཁྱེད་རང་ལ་དུས་ཡུན་རིང་པོ་དེ་འདྲ་ཡོད་པའི་རྐྱེན་གྱིས་ཁང་པའི་བུ་ལོན་དེ་ལོ་ ༢༥ ཡང་ན་ ༣༠ ཡི་རིང་ཚད་ལ་སླེབས་ཐུབ་ཀྱི་ཡོད། 
ད་ལྟ་ཆ་སྙོམས་སྐྱེད་ཀའི་ཚད་གཞི་ག་ཚོད་ཡོད་མེད་ཤེས་རྒྱུ་དེ་གལ་ཆེན་པོ་རེད།
When it comes to comparing home loans, the key thing is to shop around and do your research.
Andrew Dadswell, Senior Manager of Consumer Communications, ASIC.
མ་ནི་སི་མཱར་ཊི་ལ་གཟིགས་རོགས།
ཁྱེད་རང་གིས་བརྡ་འཕྲིན་འདི་ཐོབ་ནས་ཁྱེད་རང་གི་དངུལ་ཁང་དང་ཡང་ན་བུ་ལོན་གྱི་ཉོ་ཚོང་བྱེད་མཁན་དང་ཆ་སྙོམས་ལས་ཡག་པོ་ཐོབ་པའི་ཆེད་དུ་གྲོས་མོལ་བྱེད་པར་བེད་སྤྱོད་གཏོང་དགོས་ཞེས་སྐུ་ཞབས་ཌེཌ་སི་ཝེལ་གྱིས་བསླབ་བྱ་སྤྲོད་ཀྱི་ཡོད།

Australia Explained: Home Loans
In variable rate home loans, your interest rate changes when the bank decides, which is usually influenced by the official cash rate set by the Reserve Bank of Australia, Mr Dadswell explains. Source: Moment RF / Traceydee Photography/Getty Images

ཁྱེད་རང་གི་གཙོ་གནད་གང་ཡིན་ནམ།

རང་ཉིད་ཀྱི་གཙོ་གནད་ཤེས་རྒྱུ་དེ་ཡང་གལ་ཆེན་པོ་རེད། ཁྱེད་རང་གི་གཙོ་གནད་དེ་ཁྱེད་རང་གི་ཐབས་ཤེས་ནང་དུ་གང་ཐུབ་ཅི་ཐུབ་ཀྱིས་བུན་གཡར་བྱེད་པ་དེ་རེད་དམ། སྐྱེད་ཀའི་ཚད་གཞི་འགྲན་རྩོད་ཆེ་ཤོས་ཐོབ་ཐུབ་བམ། ཡང་ན་ཁྱེད་རང་གིས་ཆ་རྐྱེན་ཚང་མ་ཚང་ཚེ་བུ་ལོན་གྱི་ཆོག་མཆན་མགྱོགས་པོ་ཐོབ་དགོས་སམ།
ཡང་ན་ཕལ་ཆེར་གོང་གསལ་ཚང་མ་ཡིན་སྲིད། ཨོ་སི་ཊོ་ལི་ཡའི་ཁྲོམ་རའི་ཐོག་ཁང་པའི་བུ་ལོན་གྱི་ཁྱད་ཆོས་མི་འདྲ་བ་ཡོད་ཀྱང་། ཁང་པའི་བུ་ལོན་གྱི་རིགས་གཙོ་བོ་གཉིས་ནི་གཏན་འཁེལ་གྱི་བུ་ལོན་དང་འགྱུར་ལྡོག་ཅན་གྱི་བུ་ལོན་ཡིན།

ཁྱེད་རང་གིས་བུན་གཡར་གྱི་ཁེ་ཕན་གཅིག་ནི་ཁྱེད་རང་གིས་བདུན་ཕྲག་གཉིས་རེའམ་ཟླ་བ་རེ་རེར་དངུལ་བུན་གང་འདྲ་སྤྲོད་དགོས་མིན་གསལ་པོ་ཤེས་ཀྱི་ཡོད། གལ་ཏེ་སྐྱེད་ཀའི་ཚད་གཞི་མར་ཆག་ན་ཁྱེད་ལ་ཁེ་ཕན་དེ་ཤོར་སྲིད་པ་རེད།”ཅེས་སྐུ་ཞབས་ཌཌ་སི་ཝེལ་གྱིས་འགྲེལ་བཤད་རྒྱག་ཡོད།

ཁྱེད་ཀྱིས་བུ་ལོན་གྱི་གོང་ཚད་དང་རིགས་གང་འདྲ་ཞིག་འདེམས་ཀྱང་། ཁྱེད་ཀྱིས་དངུལ་མང་པོ་བསགས་དགོས།

ཁྱེད་རང་ལ་ཉུང་མཐར་ཡང་བརྒྱ་ཆ་ལྔ་ཡི་དངུལ་བུན་དགོས་ཀྱང་། བརྒྱ་ཆ་༢༠ བར་གྱི་དངུལ་བུན་དགོས།

ཁྱེད་རང་གིས་ཁྱེད་རང་གི་དངུལ་ནས་གསོག་འཇོག་དང་གླ་ཆ་སྤྲོད་ཐུབ་ཚད་མཐོ་རུ་འགྲོ་ཚེ་དངུལ་ཁང་ནས་བུན་གཏོང་དགོས་པ་དེ་ཉུང་དུ་འགྲོ་གི་ཡོད།

Australia Explained: Home Loans
The exact conditions of each home loan on the market may vary. And the amount of information can get overwhelming and confusing. Source: Moment RF / Richard Newstead/Getty Images
དངུལ་རྩའི་འགྲན་རྩོད་དྲ་ཚིགས་ནི་བུ་ལོན་གྱི་ཁྱད་ཆོས་མི་འདྲ་བའི་ཐད་ནས་'ཕྱི་རུ་གང་ཡོད་'ཅེས་ཤེས་རྟོགས་བྱེད་པའི་ཐོན་ཁུངས་ཡག་པོ་ཞིག་རེད།

ཡིན་ནའང་ཁྱེད་རང་གི་ཁྲོམ་རའི་ཞིབ་འཇུག་ལས་ལྷག་པའི་སྒེར་གྱི་དངུལ་རྩའི་བསླབ་བྱ་ལེན་རྒྱུ་དེ་གལ་ཆེན་པོ་རེད་ཅེས་རེཊ་སི་ཊི་ཡི་ཞིབ་འཇུག་འགན་འཛིན་སེ་ལི་ཊིན་ཌལ་གྱིས་བཤད

མི་མང་པོས་ 'ཨོ། ཡིན་ནའང་ང་ཕྱུག་པོ་མ་རེད། ངས་དངུལ་རྩའི་སློབ་སྟོན་པ་ལ་ཐུག་ཐུབ་ཀྱི་མ་རེད།' དེ་ངེས་པར་དུ་བདེན་པ་མ་རེད། འོན་ཀྱང་ལམ་ཁ་གཞན་པ་ཡང་ཡོད།

དཔེར་ན། བུན་གཡར་གྱི་བར་ཚོང་པ་ཞིག་གིས་ཁྱེད་ཀྱི་དངུལ་རྩ་ལ་འཚམ་པའི་གོམ་པ་གང་འདྲ་ཞིག་སྤོ་དགོས་མིན་སྐོར་ལ་ཁོང་ཚོས་ཁྱེད་ལ་སློབ་སྟོན་བྱེད་ཐུབ་ཀྱི་ཡོད།

ཡིན་ནའང་བུ་ལོན་ག་ཚོད་ལེན་དགོས་མིན་ཤེས་པར་འབད་སྐབས་དངུལ་ཁང་དང་ཡང་ན་བར་ཚོང་པ་ལ་རྐྱངམ་གཅིག་བརྟེན་ནས་ཁྱེད་ལ་གྲངས་ཀ་དེ་བཤད་མི་དགོས།
ཁྱེད་རང་ཚོ་འགྲོ་ནས་ཨང་གྲངས་དེ་ཚོ་ལྟ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱུ་མཚན་ནི་ང་ཚོས་འདས་པའི་ལོ་གཉིས་རིང་མཐོང་བ་ལྟར་ན།

ཁྱེད་རང་གིས་བུན་གཡར་གྱི་སྙན་ཞུའི་བྱ་རིམ་གྱི་ཆ་ཤས་ཤིག་ཡིན་པའི་ཆ་ནས་བུན་གཡར་སྤྲོད་མཁན་གྱིས་ཁྱེད་རང་གི་དངུལ་རྩའི་གནས་སྟངས་ལ་དཔྱད་ཞིབ་བྱེད་པའི་ཆེད་དུ་མངོན་གསལ་དགོས་ཀྱི་ཡོད།
Australia Explained: Home Loans
Common evidence for your home loan application includes pay slips, bank statements, evidence of any assets and debts or liabilities, your savings and credit history. Source: Moment RF / d3sign/Getty Images

སྔོན་ལ་ཞིབ་མཆན་འགོད་མཁན་དང་གཏའ་མའི་བར་འདུམ་བྱེད་མཁན།

ཁྱིམ་ཚང་ཉོ་བའི་བྱ་རིམ་ནང་དགོས་མཁོ་མེད་ཀྱང་། ཉོ་མཁན་གྱིས་བུ་ལོན་སྔོན་ཆོག་མཆན་ཐོབ་པར་འཚོལ་ཐུབ།
དེའི་དོན་ནི་བུ་ལོན་སྤྲོད་མཁན་གྱིས་གཞི་རྩའི་ཐོག་ནས་ཁྱེད་ཀྱི་ཁང་པ་ཉོ་རྒྱུའི་ཆེད་དུ་དངུལ་འབོར་འགའ་ཤས་བུན་གཏོང་རྒྱུར་མོས་མཐུན་བྱས་ཡོད། མཐའ་མའི་འགན་ལེན་མིན་ཡང་། དེས་ཁྱེད་ཀྱི་ཉོ་སྒྲུབ་ཀྱི་ནུས་པ་ལ་ཤེས་རྟོགས་སྤྲོད་ཐུབ།
སྔོན་འགྲོའི་ཆོག་མཆན་ལ་དུས་ཚོད་ཚད་གཞི་ཡོད། སྤྱིར་བཏང་ཆོག་མཆན་སྤྲད་པའི་སྐབས་ནས་ཟླ་བ་གསུམ་གྱི་ནང་ལ་ཡོད།
གལ་ཏེ་ཁྱེད་ལ་ལས་ཀའི་གནས་སྟངས་ལ་འགྱུར་བ་བྱུང་བའམ་ཡང་ན་ RBA ཡིས་རིན་གོང་འཕར་མ་གཞན་ཞིག་བཀག་འགོག་བྱས་ན། བུན་གཡར་གྱི་ནུས་པ་ཆེ་ཤོས་དེ་ཁོང་ཚོས་མོས་མཐུན་བྱེད་སྲིད་པ་རེད།”ཅེས་ལྕམ་ཊིན་ཌལ་གྱིས་བཤད།

Australia Explained: Home Loans
There are well over 100 lenders in the Australian market, including banks, credit unions, and other authorised institutions. Credit: courtneyk/Getty Images
བུ་ལོན་སྤྲོད་མཁན་གྱིས་བུ་ལོན་སྤྲོད་མཁན་ཁ་ཤས་དང་མཉམ་དུ་ལས་ཀ་བྱེད་ཐུབ་པས་ཁྱེད་ལ་བུ་ལོན་གྱི་མཆོད་འབུལ་མི་འདྲ་བ་བསྡུར་བར་རོགས་རམ་བྱེད་ཐུབ།

བརྗེ་རེས་བྱེད་མཁན་གྱི་ཆོག་མཆན་ཡིག་ཆ་ཞིབ་བཤེར་བྱེད་པར་ཁོང་ཚོས་དཔེར་ན། ཁོང་ཚོའི་དྲ་ཚིགས་སྟེང་དུ་བུ་ལོན་ཆོག་མཆན་ཨང་གྲངས་ཡང་ན་བུ་ལོན་ཚབ་མཚོན་ཨང་གྲངས་མང་ཚོགས་ལ་སྟོན་པར་ངེས་གཏན་བཟོས། དེ་བཞིན་ཁོང་ཚོ་ཨོ་སི་ཁྲུ་ལི་ཡའི་བཟོ་ལས་མཉམ་འབྲེལ་གཉིས་ཀྱི་ཁོངས་མི་ཞིག་ཡིན་པ་དང་། ཡང་ན་ ཁྱེད་རང་གང་དུ་སྡོད་ཀྱི་ཡོད་མེད་ལ་གཞིགས་ཏེ་མངའ་སྡེ་དང་མངའ་ཁོངས་གཞུང་གི་རོགས་དངུལ་ཐོབ་ཐང་ཡོད་སྲིད།
རྒྱལ་ཡོངས་སུ་ཐོབ་ཐང་ལྡན་པའི་ཁང་པ་ཉོ་མཁན་གྱིས་བེད་སྤྱོད་གཏོང་ཐུབ། ཁྱིམ་ཚང་འགན་ལེན་དང་པོ་ཚུད་པའི་ལས་གཞི་ཞིག་ཡིན།

བུན་གཡར་གྱི་ཞབས་ཞུ་གསར་འཛུགས་བྱེད་མཁན་ཇོར་ཇི་ས་མིའོ་ཡིས་ཁང་པ་ཉོ་མཁན་དང་པོ་ཚོས་བརྒྱ་ཆ་༩༥ བར་བུན་གཡར་བྱེད་ཐུབ་པ་དང་འཆར་གཞི་དེའི་འོག་བུན་གཡར་སྤྲོད་མཁན་གྱི་བུན་གཡར་གྱི་ཉེན་སྲུང་སྤྲོད་མི་དགོས་པའི་སྐོར་འགྲེལ་བཤད་རྒྱག་བཞིན་ཡོད།
འོན་ཀྱང་ཁོང་གིས་“ད་དུང་ཡང་ཉོ་སྒྲུབ་དང་འབྲེལ་བའི་རིན་པ་གཞན་པ་མང་པོ་ཡོད། མི་ཚོས་ཁང་པ་ཉོ་སྐབས་དངུལ་སྤྲོད་དགོས།
Australia Explained: Home Loans
“For example, in Brisbane, the cap is $700,000. So, if you buy in a suburb like Coorparoo, which is close to the city, you can spend $700,000 and you only […] need a deposit of $35,000,” says Mr Samios. Credit: MoMo Productions/Getty Images
དེ་བཞིན་ཉོ་མཁན་གྱིས་འགྲོ་སོང་ག་ཚོད་གཏོང་ཐུབ་མིན་ལ་རིན་གོང་ཚད་གཞི་ཡོད། དེ་མངའ་སྡེ་གཅིག་ནས་གཅིག་ལ་འགྱུར་བ་འགྲོ་གི་ཡོད།
མཐའ་མར་སྐུ་ཞབས་ས་མིའོ་ཡིས་ཁང་པ་ཉོ་མཁན་དང་པོ་ཚོས་ཁོང་ཚོར་ཐོབ་ཐང་ཡོད་པའི་རྒྱབ་སྐྱོར་རིགས་ཚང་མ་འཚོལ་ཞིབ་བྱེད་དགོས་པ་དང་།
“གཞི་རྩའི་ཆ་ནས་ཁྱེད་ཀྱིས་དངུལ་བུན་བརྒྱ་ཆ་༡༧.༥ བར་བསག་ཐུབ་པ་དེ་རེད། གལ་ཏེ་ཁྱེད་རང་གིས་ཨ་སྒོར་ཁྲི་གཅིག་བསག་དགོས་ན་དེ་ཁྱེད་རང་གིས་བསག་མཁན་ཆེ་ཤོས་བརྒྱུད་ནས་བྱེད་ན། ཁྱེད་རང་གིས་ཁྲལ་ཨ་སྒོར་ཁྲི་༡༧༥༠༠བསག་ཐུབ་ཀྱི་རེད།”

ཨོ་སི་ཁྲུ་ལི་ཡའི་ནང་མི་ཚེ་འཚོ་བ་གསར་པ་སྐྱེལ་ཆེད་དགོས་མཁོ་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་བྱེད་པར་ཨོ་སི་ཁྲུ་ལི་ཡ་ངོ་སྤྲོད་ཀྱི་ལེ་ཚན་སྒྲ་སྒམ་འདིར་རྗེས་འཇུག་དང་བརྒྱུད་བསྐུར་གནང་རོགས།
ཁྱེད་ལ་དྲི་བ་དང་བརྗོད་གཞིའི་བསམ་ཚུལ་ཡོད་དམ། གློག་འཕྲིན་ཁ་བྱང་  ལ་བསྐུར་རོགས།  

Share