༢༠༢༤ ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་འཇར་པན་གྱི་རྡུལ་ཕྲན་མཚོན་ཆ་ངོ་རྒོལ་ཚོགས་པ་ཞིག་ལ་ཐོབ་པ།

Japan Nobel Peace Prize

Shigemitsu Tanaka, the chairman of Nagasaki Atomic bomb Survivors Council, cries during a press conference, in Nagasaki, western Japan, Friday, Oct. 11, 2024, after Nihon Hidankyo, or the Japan Confederation of A- and H-Bomb Sufferers Organizations, won the Nobel Peace Prize.(Kyodo News via AP) Credit: AP

དེ་སྔོན་འཇར་པན་གྱི་གྲོང་ཁྱེར་ཧི་རོ་ཤི་མ་ Hiroshima དང་། ནཱ་གྷ་ས་ཁེ་ Nagasaki གཉིས་ནང་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་ལས་ཚེ་སྲོག་ཐར་བ་ཚོ་ལས་གྲུབ་པའི་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་ངོ་རྒོལ་ཚོགས་པ་ཞིག་ལ་ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་ནང་གྲགས་ཆེ་བའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་འདུག


རྡུལ་ཕྲན་མཚོན་ཆར་ངོ་རྒོལ་བྱེད་མཁན་ཚོགས་པ་དེ་ནི་འདས་པའི་ལོ་ངོ་ ༥༠ ནང་ལ་འཇར་པན་མི་རིགས་ཤིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ཐོག་མ་དེ་ཆགས་ཡོད་པ་རེད།

༢༠༢༤ ལོའི་ནོ་བྷེལ་ཞི་བདེའི་གཟེགས་རྟགས་དེ་འཇར་པན་གྱི་ཚོགས་པ་དེ་ཕུལ་གཏན་འཁེལ་བ་གསལ་བསྒྲགས་བྱས་རྗེས། འཛམ་གླིང་གི་ས་ཕྱོགས་གང་ས་ནས་ཚོགས་པ་དེ་ལ་ཁ་པར་གཏོང་ནས་སྨོན་འདུན་དང་འཚམས་འདྲི་ཞུ་མཁན་རྒྱུ་མ་ཆད་པ་ཡོང་བཞིན་ཡོད་འདུག

རྡུལ་ཕྲན་མཚོན་ཆར་ངོ་རྒོལ་བྱེད་མཁན་གྱིི་ཚོགས་པ་དེ་ནི་གཞི་རྩ་དེ་སྔོན་འཇར་པན་ནང་རྡུལ་ཕྲན་མཚོན་ཆས་གཏོར་རྒོལ་ཁག་གཉིས་འོག་ནས་ཚེ་སྲོག་ཐར་མཁན་ཚོ་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་འདུག

དེ་སྔོན་གཏོར་རྒོལ་འོག་ནས་ཚེ་སྲོག་ཐར་མཁན་དང་ཚོགས་པ་དེའི་ཚོགས་མི་མཱ་སཱ་ཁོ་ཝ་དྷ་

Masako Wada ལགས་ཀྱིས་དེ་སྔོན་ལོ་ཁ་ཤས་རིང་ལ་ཚོགས་པ་དེར་གཟེངས་རྟགས་ཐོབ་གྲབས་ཐེངས་འགའ་བྱས་ཀྱང་དངོས་སུ་ཐོབ་ཡོད་མ་རེད། འདི་ལོ་གཟེངས་རྟགས་ཐོབ་ཡོད་པའི་གནས་ཚུལ་ཐོས་རྗེས་ཧང་སང་སོང་ཞེས་བརྗོད་འདུག 

ཁོ་མོས་ངས་ཧ་ལས་དགོས་པའི་གནས་ཚུལ་ཆེན་པོ་དེ་འདྲ་ཞིག་ཡོང་གི་རེད་བསམས་མ་སོང་། ཡིན་ནའང་རྨི་ལམ་མངོན་འགྱུར་བྱུང་བ་རེད། ང་རང་ཆམ་པ་ན་ནས་སྨན་པར་བསྟེན་གཏུགས་བྱེད་པར་ཕྱིན་པས་སྨན་འགའ་བླངས་ནས་ཕྱིན་ལོག་ཡོང་གིན་ཡོད། ལམ་བར་དུ་གསར་ཁང་ཞིག་གིས་ཁ་པར་སླེབས་བྱུང་། ངས་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག ངས་གསར་འགྱུར་དེ་གོ་དུས་ཡིད་ཆེད་བྱས་ཐུབ་མ་སོང་། ངའི་བསམས་པར་དེ་དངོས་གནས་ཡིན་ནམ་བསམས་བྱུང་ཞེས་འགྲེལ་བརྗོད་གནང་འདུག 

དེ་སྔོན་འཛམ་གླིང་དམག་ཆེན་གཉིས་པའི་མཇུག་དེར་ཨ་མི་རི་ཁས་འཇར་པན་གྱི་གྲོང་ཁྱེར་ཧེ་རོ་ཤེ་མཱ་དང་ནཱ་གྷ་སཱ་ཀེ་གཉིས་ལ་རྡུལ་ཕྲན་མཚོན་ཆ་གཡུག་པས་མི་འབུམ་ཕྲག་མང་པོ་བསད་པ་དང་། གཏོར་རྒོལ་དེའི་སྐབས་སུ་གནོད་འཚེ་ཐེབས་མྱོངས་ཡོད་པའི་མི་རྣམས་ལ་འཇར་པན་སྐད་དུ་ཧེ་བྷེ་ཁུ་ཤཱ་སི་ hibakushas ཞེས་འབོད་ཀྱི་ཡོད་འདུག

ཕྱི་ལོ་ ༡༩༤༥ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༦ ཉིན་ཨ་མི་རི་ཁས་འཇར་པན་གྱི་གྲོང་ཁྱེར་ཧེ་རོ་ཤི་མཱ་ལ་རྡུལ་ཕྲན་མཚོན་ཆ་གཡུག་རྗེས་ཁྱོན་མི་གྲངས་ ༡༤༠་༠༠༠ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ཡང་བསྐྱར་ཉིན་གསུམ་རྗེས་ལ་ནཱ་གྷ་སཱ་ཀེ་ལ་རྡུལ་ཕྲན་མཚོན་ཆ་གཞན་ཞིག་གཡུག་པས་དེས་ཀྱང་ཁྱོན་མི་གྲངས་ ༧༤་༠༠༠ ཙམ་གྱི་ཚེ་སྲོག་འཕྲོག་ཡོད་འདུག 

འདས་པའི་ལོ་ངོ་ ༧༩ ཙམ་གྱི་རིང་ལ་སྐབས་དེར་ཚེ་སྲོག་ཐར་མཁན་ཚོས། མ་འོངས་པར་འཛམ་གླིང་དེ་བཞིན་རྡུལ་ཕྲན་མཚོན་ཆ་མེད་པའི་ཁོར་ཡུག་ཅིག་ཡོང་ཐབས་སུ་འབད་བརྩོན་དང་ལས་འགུལ་རིམ་པར་སྤེལ་ཡོད་འདུག

རྡུལ་ཕྲན་མཚོན་ཆ་གཏོར་རྒོལ་ལས་གནོད་འཚེ་ཐེབས་པའི་མི་མང་པོ་ཞིག་སྐབས་དེ་ནས་བཟུང་སྟེ་རྡུལ་ཕྲན་གྱི་གནོད་འཚེས་རྐྱེན་པས་རིམ་བཞིན་འཆི་སྐྱོན་བྱུང་ཡོད་པ་དང་། ད་ལྟ་ཡང་འཚོ་སྡོད་བྱས་ཡོད་པའི་མི་མང་པོ་ཞིག་འཕྲོད་བསྟེན་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ལྕམ་ཝ་དྷ་ལགས་ཀྱིས་ཁོ་མོས་མི་ཚེའི་རིང་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་སྐོར་མི་གཞན་ལ་གོ་རྟོགས་སྤེལ་ཡོད་པ་དང་། མ་འོངས་པར་ལས་ཀ་དེ་ལས་མང་བ་བྱ་རྒྱུའི་ཆོད་སེམས་ཡོད་སྐོར་འགྲེལ་བརྗོད་གནང་འདུག 

ཁོ་མོས་ང་ཚོས་མི་རྣམས་ལ་གལ་སྲིད་རྡུལ་ཕྲན་གྱི་འབར་རྫས་གསུམ་པ་ཞིག་གཡུག་ཚེ་དེས་འགྲོ་བ་མིའི་རྣམས་ཀྱི་ཚེ་སྲོག་ལ་ཉེན་ཁ་དང་མཇུག་འབྲས་གང་འདྲ་ཞིག་ཆགས་རྒྱུ་ཡིན་མིན་ག་ཚོད་ཐུབ་ཐུབ་འགྲེལ་བརྗོད་བྱེད་བཞིན་ཡོད། ང་ཚོས་གནས་ཚུལ་དེ་འདྲ་ཞིག་མི་ཡོང་བར་བཀག་འགོག་བྱེད་དགོས། ང་ཚོས་འཇར་པན་གཞུང་དང་སྐད་ཆ་བྱེད་ནས་འཛམ་གླིང་རྡུལ་ཕྲན་མཚོན་ཆ་བཀག་འགོག་གི་གྲོས་ཆིངས་ནང་ཞུགས་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད། འཛམ་གླིང་འདི་ད་ཆ་རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ་ལས་ཕྱིར་ལོག་བྱེད་བཞིན་ཡོད། ར་ཤི་ཡའི་བཙན་འཛུལ་ལས་འགྲོ་བ་མི་རྣམས་ལ་བརྗོད་ཐབས་བྲལ་བའི་སྡུག་བསྔལ་བཟོ་བཞིན་ཡོད་པ་དང་། མ་ཚད་རྡུལ་ཕྲན་གྱི་དམག་འཁྲུག་ཅིག་སླངས་སྲིད་པའི་ཉེན་ཁ་ཆེན་པོ་ཆགས་ཡོད། ང་རང་ཁོང་ཁྲོ་ལས་ཀྱང་འགྲོ་བ་མི་རྣམས་མུག་ནག་ནང་ལྷུང་སྲིད་པའི་སེམས་སྡུག་དང་ཞེད་སྣང་ཡོང་གི་འདུག ང་ཚོའི་སྨོན་འདུན་དང་རེ་བ་འགྲུབ་པར་འབད་བརྩོན་བྱེད་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག 

ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་ཇོར་ཇན་ཝ་ཊེན་ Jørgen Watne Frydnes ལགས་ཀྱིས་སྐུ་ཞབས་ནེ་ཧོན་ཧི་ཌན་ཀེའོ་ Nihon Hidankyo ལགས་ཀྱིས་འབད་བརྩོན་དེའི་ཤུགས་རྐྱེན་ཆེན་པོ་ཡིན་པ་དང་། ཨུ་རུ་སུ་དང་ཨི་རན་གྱིས་རྡུལ་ཕྲན་གྱི་ཉེན་ཁ་ཆེ་རུ་འགྲོ་བཞིན་པའི་སྐབས་ཁོང་ཚོའི་བརྡ་འཕྲིན་དེ་གནད་འགག་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་འདུག 

འདི་ནི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ལོ་རྒྱུས་ལོ་ངོ་ ༡༢༣ རིང་ལ་འཇར་པན་མི་རིགས་ཤིག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་རག་པ་ཐེངས་མ་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ལོ་ངོ་ ༥༠ གོང་སྟེ་དེ་སྔོན་ཕྱི་ལོ་ ༡༩༧༤ ལོར་འཇར་པན་གྱི་སྲིད་བློན་ཟུར་པ་ཨེ་སཱ་ཁུ་སཱ་ཊོ་ Eisaku Sato ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད་པ་རེད། 

ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་རིང་ཐང་སུད་ཌན་གྱི་སྒོར་མོ་ས་ཡ་ ༡༡ དང་ཡང་ན་ཨོ་སི་ཁྲུ་ལི་ཡའི་སྒྲོ་ལོ་ས་ཡ་ ༡་༥༧ ཙམ་ཆགས་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༢༤ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་གཞུང་འབྲེལ་མཛད་སྒོ་དེ་འདི་ལོ་ཕྱི་ཟླ་ ༡༢ པའི་ཚེས་ ༡༠ ཉིན་ནོ་བྷེལ་གྱི་རྒྱལ་ས་ཨོ་སི་ལོ་ Oslo ལ་འཚོག་རྒྱུ་ཡིན་པ་རེད། 

Share