དབྱི་རན་གྱིས་འཕུར་མདས་དྲག་རྒོལ་སྐབས་དབྱི་ཟི་རལ་གྱི་མི་མང་ས་ཡ་མང་པོ་གབ་ཡིབ་བྱེད་དགོས་བྱུང་།

Iranians celebrate following missile attack against Israel

epa11636792 Iranians hold Iranian and Hezbollah flags as they celebrate after Iran launched a missile attack on Israel, next to the British embassy, in Tehran, Iran, 01 October 2024. Iran has launched dozens of missiles directed at Israel on 01 October 2024, state media reported quoting the Islamic Revolutionary Guard Corps (IRGC). The attack was a 'retaliation for different assassinations' carried out by Israel and 'the crimes in Palestine and Lebanon', IRGC said. EPA/ABEDIN TAHERKENAREH Source: EPA / ABEDIN TAHERKENAREH/EPA

དབྱི་ཟི་རལ་གྱིས་ཧེ་ཛེ་བྷོ་ལའི་ Hezbollah ཡི་འགོ་ཁྲིད་ཧ་སན་ནཱ་སཱ་རཱ་ལཱ་ Hassan Nasrallah དང་འགོ་ཁྲིད་ཨ་སི་མཱ ལེ་ཧཱ་ནེ་ཡཱ་ Ismail Haniya དེ་བཞིན་དམག་མི་གཞན་ཁག་ཅིག་བསད་པར་དེའི་དགྲ་ལན་སློབ་ཆེད་དབྱི་རན་གྱིས་མེ་ཤུགས་མདའ་ ༢༠༠ ཙམ་དབྱི་ཟི་རལ་ལ་འཕེན་ནས་དྲག་རྒོལ་བྱས་ཡོད་པ་རེད།


རྒོལ་རྡུང་དེའི་རྐྱེན་པས་དབྱི་ཟི་རལ་གྱི་མི་གཉིས་ལ་རྨས་སྐྱོན་ཆུང་ངུ་ཕོགས་ཡོད་པ་དང་། དེ་ལ་དབྱི་ཟི་རལ་གྱི་སྲིད་བློན་བྷེ་ཇཱ་མེན་ནེ་ཐན་ཡཱ་ཧུ་ Benjamin Netanyahu སྐྱོན་བརྗོད་དང་དབྱི་རན་ལ་ཉེན་བརྡ་ཤུགས་ཆེ་བཏང་བའི་མ་ཚད་རྒོལ་ལན་སློབ་རྒྱུ་ཡིན་སྐོར་བརྗོད་ཡོད། 

དབྱི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་སྐྱོབ་དམག་དཔུང་གིས་རྒོལ་རྡུང་དེ་ནི་ཧེ་ཛེ་བྷོ་ལའི་ Hezbollah ཡི་འགོ་ཁྲིད་ཧ་སན་ནཱ་སཱ་རཱ་ལཱ་ Hassan Nasrallah དང་འགོ་ཁྲིད་ཨ་སི་མཱ ལེ་ཧཱ་ནེ་ཡཱ་ Ismail Haniya དེ་བཞིན་དམག་མི་གཞན་ཁག་ཅིག་བསད་པར་དེའི་དགྲ་ལན་སློབ་ཆེད་དབྱི་ཟི་རལ་གྱི་དམག་གི་བརྟེན་གཞི་ཁག་ལ་དམིགས་འབེན་བཟུང་ཡོད་སྐོར་བརྗོད་འདུག 

དབྱི་ཟི་རལ་རྒྱལ་ཡོངས་སུ་ཛ་དྲག་ཉེན་བརྡའི་སྒྲ་གྲགས་པ་དང་། དབྱི་ཟི་རལ་གྱི་གྲོང་ཁྱེར་ཇུར་སཱ་ལེམ་ Jerusalem དང་ཇོར་ཌན་གཙང་པོ་ལུང་གཞུང་། གཞན་ས་གནས་ཁག་ཅིག་ལ་འཕུར་མདའ་འབར་གས་བྱས་སྐབས་མི་མང་རྣམས་འབར་གས་ལས་གབ་ཡིབ་བྱས་ཡོད་འདུག 

མཉམ་འབྲེལ་རྒྱལ་ཚོགས་ནང་དབྱི་ཟི་རལ་གྱི་སྐུ་ཚབ་ཌེ་ནེ་དྷ་ནོན་ Danny Danon ལགས་ཀྱིས་དབྱི་ཟི་རལ་གྱི་མི་མང་ས་ཡ་མང་པོ་གབ་འོག་གནས་གནས་དགོས་བྱུང་ཡོད་སྐོར་བརྗོད་འདུག 

ཁོང་གིས་ད་ལྟ་རང་ཆུ་ཚོད་གཅིག་ཙམ་གྱི་གོང་དུ་ཨི་རན་སྲིད་གཞུང་གིས་ཨི་ཟི་རེལ་ལ་དམག་འཐབ་སྔར་བྱུང་མ་མྱོང་བའི་དམག་འཐབ་ཅིག་བསླངས་ནས་ང་ཚོའི་མི་སེར་གྱི་སྟེང་དུ་མེ་ཤུགས་འཕུར་མདའ ༢༠༠ ལ་ཉེ་བ་ཞིག་འཕངས་འདུག་ལོན་ཌོན་དུ་གནམ་ནས་མེ་ཤུགས་འཕུར་མདའ་ལྷུང་རྗེས་དམག་འཐབ་འདི་འདྲ་ཞིག་བྱུང་མྱོང་མེད། མི་མང་ས་ཡ་བཅུ་སྐོར་འབར་མདེལ་འགོག་སའི་ཁང་པའི་ནང་དུ་བཙན་གྱིས་བཅུག་འདུག་ནེའུ་ཡོག་གྲོང་ཁྱེར་གྱི་མི་ཡོངས་རྫོགས་སྐར་མ་བཅུའི་ནང་དུ་འབར་མདེལ་འགོག་སའི་ཁང་པ་ཞིག་ལ་འགྲོ་དགོས་བྱུང་བར་སོམས་དང་། བྱིས་པ་དམར་འབྱར་དང་རྒས་འཁོགས་སོགས་ཨི་ཟི་རེལ་དུ་ཅི་ཞིག་བྱུང་བ་རེད་ཅེས་གསུངས་འདུག

མེ་ཤུགས་འཕུར་མདས་གཏོར་རྒོལ་བྱས་པའི་མཇུག་འབྲས་སུ་མི་ཤི་བའི་གྲངས་ཀ་ཉུང་ཉུང་ཆགས་ཡོད། དབྱི་ཟི་རལ་གྱི་མི་གཉིས་ལ་རྨས་སྐྱོན་ཅུང་ཕོག་ཡོད་པ་དང་། ཡང་པཱ་ལི་སི་ཐན་གྱི་ཝི་སི་བྷན་ཀི་ཁུལ་ཇེ་རི་ཁོ་ Jericho ཞེས་པའི་ས་གནས་སུ་འཕུར་མདའ་ཆ་ཤས་ལྷུང་ནས་མི་གཅིག་བསད་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག 

དབྱི་ཟི་རལ་གྱི་སྲིད་བློན་བྷེན་ཇེ་མན་ནེ་ཐན་ཡཱ་ཡུ་ལགས་ཀྱིས་ཐེངས་འདིའི་དྲག་རྒོལ་དེར་དབྱི་རན་གྱིས་ངེས་པར་དུ་རིན་འབབ་སྤྲོད་དགོས་པ་དང་། གཉིས་ནི་དབྱི་ཟི་རལ་དང་ཧཱ་མཱ་སི་གཉིས་དམག་འཁྲུག་འགོ་ཚུགས་པ་ནས་བཟུང་དབྱི་རན་གྱིས་འགན་འཁུར་དགོས་ཀྱི་ཡོད་སྐོར་བརྗོད་འདུག
 

ཁོང་གིས་དབྱི་རན་གྱིས་དེ་རིང་མཚན་མོར་ནོར་འཁྲུལ་ཆེན་པོ་བཟོས་ཡོད་པ་རེད། དེ་ལ་རིན་པ་སྤྲོད་དགོས་ཀྱི་ཡོད་པ་རེད། ང་ཚོས་དགྲ་བོ་ལས་རང་ཉིད་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་སྙིང་སྟོབས་དབྱི་རན་སྲིད་གཞུང་གིས་ཤེས་ཀྱི་མི་འདུག

སིན་ཝར་  Sinwar དང་ཌེ་ཧྥོ་ Deif ཡིས་དེ་ཚོ་ཤེས་ཡོད་མ་རེད་ལ། ནཱ་སཱ་རཱ་ལཱ་ Nasrallah དང་མོ་ཧེ་སན་ Mohsen ཡིས་ཀྱང་ཤེས་མི་འདུག

ཐེ་རན་ Tehran ཡིས་ཀྱང་དེ་ལས་ཀྱང་ཤེས་མི་འདུག རྗེས་མར་ཁོང་ཚོས་ཧ་གོ་གི་རེད། ང་ཚོའི་ཆོད་སེམས་དེ་དོར་གྱི་མ་རེད་ལ། སུ་ཞིག་གིས་ང་ཚོར་དྲག་རྒོལ་བྱས་ན་དེ་ང་ང་ཚོས་ཕར་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་འདུག 

ཨ་རིའི་སྲིད་འཛིན་ཇོ་བྷ་ཌན་གྱིས་གནད་དོན་དེའི་ཐད་ཡ་ལན་གང་འདྲ་ཞིག་སྤྲད་དགོས་མིན་སྐོར་ལ་ཁོང་གི་ལས་རོགས་ཚོ་དང་མཉམ་དུ་གྲོས་བསྡུར་བྱེད་བཞིན་ཡོད་བརྗོད་འདུག 

ཁོང་གིས་ནོར་འཁྲུལ་བཟོ་མི་ཉན་པ་དང་། ཨ་རིའི་ངོས་ནས་དབྱི་ཟི་རལ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་པ་དང་། ད་ནང་ཞོགས་པ་དང་ཕྱི་དྲོ་བཅས་ལ་རྒྱལ་ཡོངས་བདེ་འཇགས་ཚོགས་ཆུང་དང་ལྷན་དུ་དབྱི་ཟི་རལ་གྱི་གནས་སྟངས་སྐོར་གྲོས་བསྡུར་བྱས་པ་ཡིན། མ་ཚད་དབྱི་ཟི་རལ་གྱི་གཞུང་འབྲེལ་མི་སྣ་དང་སྲིད་བློན་སོགས་ལྷན་དུ་ཡང་གྲོས་བསྡུར་བྱས་ཡོད་བཅས་བརྗོད་འདུག

ཨི་རན་གྱི་དྲག་པོའི་དཔུང་དམག་སྤྱི་ཁྱབ་དམག་སྤྱི་མཱོ་ཧཱམཱཏ་བག་ཧེ་རེས་ Mohammad Bagheri གལ་སྲིད་ཨི་སི་རལ་དང་དེའི་མཐུན་གྲོགས་རྒྱལ་ཁབ་ཚོས་འཁོན་ལན་སློག་ཐབས་བྱས་ཚེ་ཨི་སི་རལ་གྱི་རྨང་གཞིའི་འཛུགས་སྐྲུན་ལ་དམིགས་ཏེ་སྔར་ལས་ལྷག་པའི་དྲག་ཤུགས་དང་ཀྱིས་ཕར་རྒོལ་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག

Share