ཨོ་སི་ཁྲུ་ལི་ཡའི་ནང་ཕྲུ་གུ་སྐྱེས་སྐབས་ཕ་མར་ལས་ཀ་ནས་གུང་སེང་གླ་ཕོག་ཐོབ་སྟངས།

The period of bonding between mother, father, and the unborn child.

The period of bonding between mother, father, and the unborn child. Source: Moment RF / pipat wongsawang/Getty Images

ཨོ་སི་ཁྲུ་ལི་ཡའི་ནང་ཕ་མ་ཁ་ཤས་ལ་གཞུང་དང་ལས་ཀ་བྱེད་ས་སྦྱིན་བདག་གཉིས་ཀ་ནས་ཕ་མའི་གུང་སེང་གི་དངུལ་རག་གི་ཡོད་པ་རེད། ཡིན་ནའང་ཚང་མས་རག་གི་མེད། གཤམ་གྱི་རྩོམ་ཡིག་འདིའི་ནང་དུ་གང་འདྲ་བྱེད་ནས་རག་གི་ཡོད་པ་དང་སུ་ལ་རག་གི་ཡོད་པ། དེ་བཞིན་དངུལ་དེ་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་མིན་གྱི་སྐོར་ངོ་སྤྲོད་ཞུས་ཡོད།


Key Points
  • Australia’s Parental Leave Pay offers up to 22 weeks of payments for eligible parents caring for a newborn or adopted child.
  • Eligibility requires meeting strict work, income, and residency criteria.
  • From July 2025, Parental Leave Pay will increase to 24 weeks and include superannuation contributions. From July 2026, it will increase to 26 weeks.
  • Some employers provide additional parental leave payments with varying conditions.
ཨོ་སི་ཁྲུ་ལི་ཡའི་ནང་ཕྲུ་གུ་སྐྱེས་སྐབས་ཕ་མ་དང་ནང་མིར་དཔལ་འབྱོར་གྱི་དཀའ་ངལ་ཡང་འཕྲད་སྲིད། ཨོ་གླིང་གཞུང་དང་ལས་ཁུངས་ཁག་གི་ཕ་མའི་གུང་སེང་གི་གླ་ཕོགས་ཀྱིས་དཀའ་ངལ་དེ་དག་སེལ་ཐབས་དང་ཕྲུ་གུ་གསོ་སྐྱོང་བྱེད་ཆེད་ནང་དུ་སྡོད་མཁན་ཕ་མ་ཚོར་ཡོང་འབབ་ཐོབ་ཐབས་གནང་གི་ཡོད་པ་རེད།

ཨོ་གླིང་གི་ཕ་མའི་གུང་སེང་གི་གླ་ཕོགས་ལས་གཞི་ཞེས་པ་གང་ཡིན་ནམ།
ཕ་མའི་གུང་སེང་གི་གླ་ཕོགས་ནི་ཨོ་གླིང་གཞུང་གིས་ཕྲུ་གུ་གསར་སྐྱེས་སམ་ལོ་གཉིས་མན་གྱི་བུ་ཕྲུག་གསོ་སྐྱོང་ཆེད་ལས་གནས་ནས་གུང་སེང་ལེན་མཁན་ཁྱིམ་ཚང་ལ་རོགས་དངུལ་སྤྲོད་ཀྱི་ཡོད། དེ་ནི་ཕ་མ་གཉིས་ཀས་བགོ་བཤའ་རྒྱག་ཆོག

ད་ལྟའི་ཆར་གླ་ཕོགས་དེ་གཟའ་འཁོར་ ༢༢ རིང་སྤྲོད་ཀྱི་ཡོད། ༢༠༢༥ ཟླ་ ༧ ནས་བདུན་ཕྲག་ ༢༤ རིང་སྤྲོད་རྒྱུ་ཡིན་པ་དང་། ༢༠༢༦ ཟླ་ ༧ ནས་བདུན་ཕྲག་ ༢༦ རིང་སྤྲོད་རྒྱུ་ཡིན། ༢༠༢༥ ཟླ་ ༧ ནས་བཟུང་རྒས་ཕོགས་ཀྱི་ཞལ་འདེབས་ཀྱང་ཚུད་ཡོད།
གླ་ཕོགས་ཀྱི་ཚད་གཞི་དེ་ཉིན་ལྔའི་གཟའ་འཁོར་རེར་ཨོ་སི་ཁྲུ་ལི་ཡའི་གླ་ཕོགས་ཉུང་མཐའ་ལ་གཞི་བཞག་སྟེ་ཨོ་སྒོར་ ༩༡༥།༨༠ སྤྲོད་ཀྱི་ཡོད་པ་རེད།
To qualify for Parental Leave Pay, you must be the child's primary caregiver.
Credit: Maskot/Getty Images/Maskot

ང་ལ་ཕ་མའི་གུང་གསེང་གི་དངུལ་འབབ་ཐོབ་ཐང་ཡོད་དམ།

ཕ་མའི་གུང་གསེང་གི་དངུལ་འབབ་ཐོབ་པར། ཁྱེད་རང་ནི་བྱིས་པའི་གཉོར་སྐྱོང་བྱེད་མཁན་གཙོ་བོ་ཡིན་དགོས་པ་དང་། ལས་ཀ་དང་ཡོང་འབབ་ཀྱི་ཚད་གཞི་ལོན་དགོས། ཁྱེད་ཀྱིས་བྱིས་པ་སྐྱེས་པའམ་ཡང་ན་བུ་ཕྲུག་གསོ་སྐྱོང་བྱས་པའི་སྔོན་གྱི་ཟླ་བ་བཅུའི་ནང་ཆུ་ཚོད་ ༣༣༠ ལས་ཀ་བྱས་ཡོད་དགོས། དེ་བཞིན་ཁྱེད་རྩིས་ལོ་གཅིག་གི་ནང་ནང་མིར་ཁྲལ་འབབ་ཡོང་འབབ་སྒོར་ ༡༧༥,༧༨༨ ལས་ཉུང་བ་ཡིན་དགོས།

ཕ་མའི་གུང་གསེང་གི་དངུལ་འབབ་ལས་གཞི་དོ་དམ་བྱེད་མཁན་ཨོ་སི་ཁྲུ་ལི་ཡའི་ཞབས་ཞུ་ཚན་པའི་སྤྱི་ཁྱབ་འགན་འཛིན་ཧེང་ཇོང་གིས། "ཁྱེད་ཀྱི་བྱིས་པ་སྐྱེས་པའམ་བུ་ཕྲུག་གསོ་སྐྱོང་བྱས་པའི་སྐབས་སུ་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་བྱེད་དགོས་པ་དང་། ཁྱེད་ལ་ཨོ་སི་ཁྲུ་ལི་ཡའི་མི་སེར་གྱི་ཐོབ་ཐང་ངམ། ཡང་ན་གཏན་སྡོད་ལག་ཁྱེར། དམིགས་བསལ་སྡེ་ཚན་གྱི་ལག་ཁྱེར། དཔེར་ན་གནས་སྐབས་སྲུང་སྐྱོབ་ལག་ཁྱེར་ལྟ་བུའི་གནས་སྐབས་ལག་ཁྱེར་ངེས་ཅན་ཞིག་ཡོད་དགོས།" ཞེས་འགྲེལ་བརྗོད་གནང་འདུག

བྱིས་པ་སྐྱེས་པའམ་བུ་ཕྲུག་གསོ་སྐྱོང་བྱས་པའི་སྔོན་གྱི་ལོ་གཉིས་རིང་ཨོ་སི་ཁྲུ་ལི་ཡའི་ནང་གནས་སྡོད་བྱས་ཡོད་དགོས། ཕྱི་རྒྱལ་དུ་སྡོད་པའི་དུས་ཚོད་ནི་དུས་ཡུན་འདི་ནས་ཕུད་ཡོད།

ཕ་མའི་གུང་གསེང་གི་དངུལ་འབབ་དེ་གཉིས་ཕ་མ་གཉིས་ཀར་ཐོབ་ཐང་ཡོད་ན་ཕ་མ་གཉིས་ཀྱིས་མཉམ་སྤྱོད་བྱེད་ཆོག་ཅེས་ཧེང་ཇོང་གིས་འགྲེལ་བཤད་གནང་དོན། དདངུལ་སྤྲོད་སྟངས་དེ་ནི་ཁྱིམ་ཚང་གི་གནས་སྟངས་མི་འདྲ་བ་རྣམས་ལ་འཚམས་པ་ཞིག་བཟོ་རྒྱུ་དེ་ཡིན། དེར་བརྟེན་ཁྱེད་རང་ནི་ཕྲུ་གུ་བཙས་མཁན་གྱི་བཟའ་ཟླ་ཡིན་ནའང་འདྲ། ཕྲུ་གུའི་སྐྱེ་རྒྱུན་གྱི་ཕ་ཡིན་ནའང་འདྲ། ཡང་ན་ཕྲུ་གུའི་སྐྱེ་རྒྱུན་གྱི་ཕའི་བཟའ་ཟླ་ཡིན་ནའང་འདྲ་སྟེ་རྩོད་ལེན་བྱེད་ཆོག འོན་ཀྱང་ཕྲུ་གུ་བཙས་མཁན་གྱི་ཨ་མས་གནས་སྟངས་དེ་དག་ལ་མོས་མཐུན་བྱེད་དགོས་པ་དང་བཟའ་ཟླ་དང་འབྲེལ་ཡོད་ནང་མི་གཞན་དག་སུ་འདྲ་ཞིག་ལའང་སྤྲོད་རྒྱུའི་དངུལ་འབབ་རྣམས་ལ་ངོས་ལེན་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད།

ཕ་མའི་གུང་གསེང་གི་དངུལ་འབབ་དེ་ཕྲུ་གུ་ཤི་སྐྱོན་བྱུང་ནའང་ཐོབ་ཐང་དེ་རག་གི་ཡོད་པ་རེད།
Australia’s Parental Leave Pay offers up to 22 weeks of payments for eligible parents caring for a newborn or adopted child.
Asian Chinese young father feeding his baby boy son with milk bottle at living room during weekend Credit: Edwin Tan /Getty Images

ཕ་མའི་གུང་གསེང་གི་དངུལ་འབབ་ཇི་ལྟར་ལེན་དགོས་པའི་སྐོར།

Services Australia ཞབས་ཞུ་ཨོ་སི་ཁྲུ་ལི་ཡ་ཞེས་པའི་དྲ་ཚིགས་སུ་རང་ཉིད་འོས་ཆོས་ཡོད་མེད་ཞིབ་བཤེར་བྱས་ཏེ་ myGov རྩིས་ཐོ་བརྒྱུད་དེ་དྲ་ཐོག་ནས་སྙན་ཞུ་འབུལ་དགོས།

ཕ་མའི་གུང་གསེང་གི་དངུལ་འབབ་དེ་ཐེངས་གཅིག་ལ་ལེན་པའམ་ཡང་ན་དུམ་བུ་དུམ་བུ་བྱས་ནས་ལེན་ཆོག དངུལ་འབབ་ཐོབ་པའི་ཉིན་མོར་ལས་ཀ་བྱེད་མི་ཆོག གལ་ཏེ་ལས་ཀར་ཕྱིར་ལོག་པའམ་གུང་གསེང་གི་དུས་ཚོད་ལ་འགྱུར་བ་གཏོང་བ། ཡང་ན་ཕྱི་རྒྱལ་དུ་འགྲོ་བ་སོགས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་ཚེ་ཞབས་ཞུ་ཨོ་སི་ཁྲུ་ལི་ཡར་སྙན་སེང་ཞུ་དགོས།

རོགས་རམ་ཆེད་དུ་ཨོ་སི་ཁྲུ་ལི་ཡ་ཞབས་ཞུ་ཞེས་པའི་དདྲ་ཚིགས་སུ་སྐད་རིགས་ ༧༥ ལྷག་གི་ནང་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་དང་། ཨོ་སི་ཁྲུ་ལི་ཡའི་སྐད་སྒྱུར་ཞབས་ཞུའི་འབྲེལ་མཐུད་ཨང་གྲངས་ ༡༣༡ ༢༠༢ ལ་ཁ་པར་གཏོང་ཆོག

ཁྱེད་ཀྱི་ལས་ཀ་སྤྲོད་མཁན་སྦྱིན་བདག་བརྒྱུད་ནས་ཕ་མའི་གུང་སེང་གི་དངུལ་སྤྲོད་ལེན།

ཨོ་སི་ཁྲུ་ལི་ཡའི་ནང་ལས་ཀ་སྤྲོད་མཁན་ཚོགས་སྡེ་བརྒྱ་ཆ་ ༦༨ ཙམ་གྱིས་ཕ་མའི་གུང་སེང་གི་དངུལ་སྤྲོད་ཀྱི་ཡོད། དེ་དག་ནི་གཞུང་གི་ཕ་མའི་གུང་སེང་གི་དངུལ་སྤྲོད་ལས་གཞི་དང་རྦད་དེ་ཐ་དད་རེད།

ཆ་རྐྱེན་དང་སྒྲིག་གཞི་མི་འདྲ་བ་ཡོད་པས་ལས་སྤྲོད་མཁན་དང་ཁྱེད་ཀྱི་ལས་ཀ་དང་ཚོང་ལས་ཀྱི་གྲོས་མཐུན་ཡིག་ཆར་ཞིབ་བཤེར་བྱེད་རྒྱུ་གལ་ཆེན་རེད། ལས་ཀའི་ལྟ་རྟོག་ལྟ་བུའི་ཚོགས་པ་ཚོས་སློབ་སྟོན་ཡང་བྱེད་ཀྱི་ཡོད།

ལས་བྱེད་པ་རང་ཉིད་ལས་ཀ་བྱེད་ས་གཅིག་གི་ནང་དུས་ཡུན་ ༡༢ ལས་ཀ་བྱས་ཡོད་ན་དེ་སྔོན་ཕ་མའི་གླ་ཡོད་གུང་སེང་གི་ཐོབ་ཐང་བླངས་མྱོངས་མེད་པའང་རག་མྱོངས་མེད་པའི་ཕ་མར་ཕ་མའི་གུང་སེང་གི་དུས་ཡུན་ཟླ་བ་ ༡༢ བར་གྱི་ཐོབ་ཐང་ཡོད།
Some employers provide additional parental leave payments with varying conditions.
Credit: Johner Images/Getty Images/Johner RF

ཕ་མའི་གུང་གསེང་གི་དངུལ་སྤྲོད་དེ་གལ་ཆེན་པོ་ཡིན་དོན་ག་རེ་རེད་དམ།

ཨོ་སི་ཁྲུ་ལི་ཡའི་ཕ་མའི་གུང་གསེང་གི་དངུལ་སྤྲོད་ལས་གཞི་རྒྱ་བསྐྱེད་བྱེད་འཆར་ཡོད་ནའང་། དེས་ད་དུང་ཡང་སྤྲོད་དངུལ་ཡོད་པའི་གུང་གསེང་བདུན་ཕྲག་ ༥༡ ཡིན་པའི་དཔལ་འབྱོར་མཉམ་ལས་ཚོགས་པའི་ཆ་སྙོམས་ལས་དམའ་བ་ཡིན།

མི་རིགས་དང་རིག་གཞུང་སྣ་ཚོགས་ལྟེ་གནས་ཀྱི་བུད་མེད་བདེ་ཐང་ཚན་པའི་སྤྱི་ཁྱབ་འགན་འཛིན་ཨ་དྷེ་ལེ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས་ཕ་མའི་གླ་ཡོད་གུང་གསེང་དེས་སྤྱི་ཚོགས་དང་དཔལ་འབྱོར་ལ་ཁེ་ཕན་ཆེ་བ་ཡོད་སྐོར་གསལ་སྟོན་གནང་འདུག

ཁོ་མོས་ “ཐོབ་ཐང་དེས་ཕ་མ་ཚོས་ཕྲུ་གུ་གསོ་སྐྱོང་བྱེད་སྐབས་བུད་མེད་རང་ཉིད་དང་ཕ་མ་གཞན་དག་ལ་གནོན་ཤུགས་ཉུང་དུ་གཏོང་བ་ཙམ་མ་ཡིན་པར། ཕྲུ་གུའི་བདག་སྐྱོང་བདེ་ཐང་ལའང་ཞབས་འདེགས་ཆེན་པོ་སྒྲུབ་ཀྱི་ཡོད།”ཅེས་གསུངས་འདུག

ཡང་ཁོ་མོས་“སྤྲོད་དངུལ་ཡོད་པའི་ཕ་མའི་གུང་གསེང་ལས་གཞིའི་དཔལ་འབྱོར་གྱི་ཁེ་ཕན་སྟོན་པའི་ཞིབ་འཇུག་མང་པོ་ཡོད་ནའང་། བདེ་ཐང་དང་དགའ་སྤྲོ་ལྡན་པའི་ཕ་མ་དང་། བདེ་ཐང་དང་དགའ་སྤྲོ་ལྡན་པའི་ཕྲུ་གུ་ཡོད་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་ན། དེས་མ་འོངས་སྤྱི་ཚོགས་ཁྱོན་ཡོངས་ལ་ཁེ་ཕན་ཆེན་པོ་ཡོད་པ་རེད་”ཅེས་གསུངས་འདུག

ཌོ་ཊར་ཨ་དྷེ་ལེ་མུར་དྷོ་ལོ་ Dr Adele Murdolo ལགས་ཀྱིས་ཕ་མའི་གུང་གསེང་ལས་གཞིར་འདྲ་མཉམ་གྱིས་སྤྱོད་ཐུབ་དགོས་པའི་ནན་བཤད་བྱས་དོན། “མི་ཚང་མར་ཐོབ་ཐང་དེ་རག་གི་ཡོད་པ་མ་རེད། དེར་བརྟེན་མི་ཚོས་དངོས་གནས་ལས་གཞི་དེ་དག་ལ་ཞུགས་ཆོག་མིན་དང་གང་འདྲེ་བྱེད་ནས་ཞུགས་དགོས་མིན་ཤེས་རྟོགས་ཆེད་ཞིབ་འཇུག་མུ་མཐུད་བྱེད་དགོས།”ཞེས་གསུངས་འདུག

Subscribe to or follow the Australia Explained podcast for more valuable information and tips about settling into your new life in Australia.

Do you have any questions or topic ideas? Send us an email to [email protected]

Share

Recommended for you